Skip to main content Skip to search
yon tan phun tshogs
ID:
T243450
  • ཡོན་ཏན་ཕུན་ཚོགས (Tibetan, Tibetan script, Original)
    • > yon tan phun tshogs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yönten püntsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཀོང་སྤྲུལ་སྐུ་ཕྲེང་གཉིས་པའི་གསོ་སྨན་པ་ཡོན་ཏན་ཕུན་ཚོགས་ནི། རབ་བྱུང་བཅོ་ལྔ་པའི་མེ་འབྲུག་སྤྱི་ལོ་༡༩༡༦ལོར་སྡེ་དགེ་རྨེ་ཤོད་དུ་འཁྲུངས། ཆུང་དུས་སུ་གྲྭ་སར་ཞུགས་ནས་སློབ་གཉེར་གནང་། ལྷག་པར་དུ་ཇ་ཡོག་བསྟན་འཕེལ་གྱི་མདུན་ནས་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ཐམས་ཅད་མཐར་ཕྱིན་པར་བསླབས་པས་སྨན་པ་མཁས་པའི་སྙན་པ་རྒྱས། ཀོང་སྤྲུལ་རིན་པོའི་ཆེའི་གསོ་སྨན་པ་དང་ཕྱག་མཇོད་གཅིག་ལྕོག་ཏུ་གྱུར། དམངས་གཙོ་བཅོས་བསྒྱུར་སྐབས་སུ་མནར་གཅོད་ཀྱི་སྡུག་བསྔལ་མྱོང་། དེ་རྗེས་སླར་ཡང་དཔལ་སྤུངས་སྡེ་ཤོག་གི་གྲོང་པའི་སྨན་པ་བྱེད་ཆོག་པར་བྱུང་། རིག་གནས་གསར་བརྗེ་ཆེན་པོ་མཇུག་བསྒྲིལ་བ་དང་སྡེ་དགེ་རྗོང་བོད་སྨན་ཁང་གི་སྨན་པའི་ལས་ཀ་ཐོབ་ཅིང་དེར་ལྷ་རྗེ་ཆེན་མོའི་ལས་ཐོབ་དང་། རྒྱལ་ཁབ་རིམ་པའི་ཆེད་རམས་པ་བཅས་ཀྱི་གོ་གནས་བཞེས། དཔལ་སྤུངས་ཡང་ཁྲོད་རྟེན་བརྟེན་པ་དང་བཅས་པ་བསྐྱར་བཞེངས་མཛད། རྒན་ཡོལ་རྗེས་སུ་སླར་ཡང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གདན་ས་དཔལ་སྤུངས་རི་ཁྲོད་ཁང་དུ་བཞུགས་ཅིང་མཚམས་བསྙེན་སྒྲུབ་མཛད་དེ་སྐུ་ཚེའི་མཐར་ཕྱིན། དགུང་ལོ་གྱ་དགུ་པའི་ཤིང་སྤྲེལ་སྤྱི་ལོ་༢༠༠༤ལོར་སྐུ་གཤེགས། ཁོང་ནི་དུས་ཕྱིས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས་བརྒྱུད་པའི་གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་ལུང་རྒྱུན་སྤེལ་མཁན་ཉག་ཅིག་ལྟ་བུར་གྱུར་པས་གསོ་རིག་བསྟན་པ་ལ་མཛད་རྗེས་ཆེ། གཡུ་ཐོག་ཡོན་ཏན་མགོན་པོ་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བར་གྱི་གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་བརྒྱུད་ཚུལ་ཀོང་སྤྲུལ་གསན་ཡིག་ལས་གསལ་བར་ལྟར་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གནས་གསར་བཀྲ་ཤིས་ཆོས་འཕེལ་ལ་གནང་། དེས་ཇ་ཡོག་བསྟན་འཕེལ་ལ་གནང་། དེས་ཡོན་ཏན་ཕུན་ཚོགས་ལ་བརྒྱུད་དོ།།

language:
Tibetan

2. Negi Tibetan-Sanskrit Dictionary

= ཡོན་ཏན་ཕུན་སུམ་ཚོགས་པ།

language:
Sanskrit