- g.yag sde paN chen
- ID:
- T243473
- གཡག་སྡེ་པཎ་ཆེན (Tibetan, Tibetan script, Original)
- > g.yag sde paN chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > yakdé penchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་ཡབ་ཨ་མི་དཀོན་མཆོག་དཔལ་དང་ཡུམ་སྐྱ་རྒྱལ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ས་ཕག་(༡༢༩༩)ལོར་གཡག་སྡེ་བྱེ་མ་བྱ་བའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ལྔ་ལ་འབན་པོ་ཆོས་དབང་ལས་ངན་སོང་སྤྱོད་རྒྱུད་མཐུན་གཅིག་གསན། རྟོགས་ལྡན་རིན་སྨོན་དང། ཇོ་སྟན་དར་བརྩོན་ལས་ཀློག་ཡིག་བསླབས། མཁན་ཆེན་ཆོས་དཔལ་བ་ལས་དགེ་བསྙེན་དང་བར་མ་རབ་བྱུང་མཛད། རས་སྟོན་བསོད་རིན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། མཁན་ཆེན་འོད་འབྱུང་དང། ཞྭ་ཆེན་རིན་འབྱུང་ལས་བསྙེན་པར་རྫོགས། གསང་ཕུ་བ་བློ་གྲོས་མཚུངས་མེད་ལས་རྣམ་ངེས་དང། བྱམས་ཆོས་ལྔ། སྤྱོད་འཇུག། ཚད་མ་བསྡུས་པ། སྙན་ངག། དཔག་བསམ་འཁྲི་ཤིང་རྣམས་ཞུས། དེ་བཞིན་ཆོས་རྗེ་རང་བྱུང་རྡོ་རྗེ་དང། འཕན་པོ་བཙུན་ཤཱཀ། རིག་འཛིན་ཀུ་མཱ་རཱ་ཛ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། བུ་སྟོན་པ། མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་སློབ་དཔོན་བརྒྱ་རྩ་བརྒྱད་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མང་པོ་གསན་ཞིང། ཟབ་ཆོས་དུ་མའི་དབང་ལུང་ཡང་དག་པ་ཞུས། སྙན་དངགས་སོགས་རིག་པའི་གནས་སྤྱི་ལ་དོན་གཉེར་ཆེན་པོ་མཛད་པས་མཁས་པར་གྱུར། ཨེ་ཝཾ་གྱི་དགོན་པ་ཕྱག་བཏབ་པ་སོགས་གཞན་དོན་རྒྱ་ཆེར་མཛད། སློབ་མ་ཡང་མཁས་ཤིང་ཟབ་མོའི་ཐུགས་དམ་ལ་མངའ་བརྙེས་པ་རི་ཁྲོད་པ་མགོན་པོ་ཡེ་ཤེས་དང། གདན་ས་པ་འཇམ་དཔལ་དབྱངས་ཆོས་མགོན་པ། མཁས་གྲུབ་བྱང་ཆུབ་རྒྱལ་མཚན། མཁན་ཆེན་སངས་རྒྱས་བློ་གྲོས་པ་ལ་སོགས་མང་དུ་བྱོན། མཐར་དགུང་ལོ་བརྒྱད་ཅུ་བཞེས་པ་རབ་བྱུང་དྲུག་པའི་ས་རྟ(༡༣༧༨)ལོར་ཞི་བར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
བཀའ་བརྒྱུད་པའི་བླ་མ་མཁས་པ་སྙན་གྲགས་ཅན་ཞིག་སྟེ། རྗེ་འདི་ཉིད་ཡབ་ཨ་མི་དཀོན་མཆོག་དཔལ་དང་ཡུམ་སྐྱ་རྒྱལ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ས་ཕག་སྤྱི་ལོ (༡༢༩༩) ལོར་གཡག་སྡེ་བྱེ་མ་བྱ་བའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ལྔ་ལ་འབན་པོ་ཆོས་དབང་ལས་ངན་སོང་སྦྱོང་རྒྱུད་ཐུན་གཅིག་གསན། རྟོགས་ལྡན་རིན་སྨོན་དང་། ཇོ་སྟན་དར་བརྩོན་ལས་ཀློག་ཡིག་བསླབས། མཁན་ཆེན་འོད་འབྱུང་དང་། ཞྭ་ཆེན་རིན་འབྱུང་ལས་བསྙེན་པར་རྫོགས། གསང་ཕུ་བློ་གྲོས་མཚུངས་མེད་ལས་རྣམ་ངེས་དང་། བྱམས་ཆོས་ལྔ། སྤྱོད་འཇུག ཚད་མ་བསྡུས་པ། སྙན་ངག དཔག་བསམ་འཁྲི་ཤིང་རྣམས་ཞུས། དེ་བཞིན་ཆོས་རྗེ་རང་བྱུང་རྡོ་རྗེ་དང་། འཕན་པོ་བཙུན་ཤཱཀ རིག་འཛིན་ཀུ་མཱ་རཱ་ཛ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། བུ་སྟོན་པ། མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་སློབ་དཔོན་བརྒྱ་རྩ་བརྒྱད་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མང་པོ་གསན་ཞིང་། ཟབ་ཆོས་དུ་མའི་དབང་ལུང་ཡང་དག་པ་ཞུས། སྙན་དངགས་སོགས་རིག་པའི་གནས་སྤྱི་ལ་དོན་གཉེར་ཆེན་པོ་མཛད་པས་མཁས་པར་གྱུར། ཨེ་ཝཾ་དགོན་པ་ཕྱག་བཏབ་པ་སོགས་གཞན་དོན་རྒྱ་ཆེར་མཛད། སློབ་མ་ཡང་མཁས་ཤིང་ཟབ་མོའི་ཐུགས་དམ་ལ་མངའ་བརྙེས་པ་རི་ཁྲོད་པ་མགོན་པོ་ཡེ་ཤེས་དང་། གདན་ས་པ་འཇམ་དཔལ་དབྱངས་ཆོས་མགོན་པོ། མཁས་གྲུབ་བྱང་ཆུབ་རྒྱལ་མཚན། མཁན་ཆེན་སངས་རྒྱས་བློ་གྲོས་པ་ལ་སོགས་མང་དུ་བྱོན། མཐར་དགུང་ལོ་བརྒྱད་ཅུ་བཞེས་པ་རབ་བྱུང་དྲུག་པའི་ས་རྟ་སྤྱི་ལོ (༡༣༧༨) ལོར་ཞི་བར་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1299 ལོར་གཡག་སྡེ་བྱེ་མར་ཡབ་ཨ་མི་དཀོན་མཆོག་དཔལ་དང་། ཡུམ་སྐྱ་རྒྱལ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1378 ལོར་སྐུ་གཤེགས། དགུང་ལོ་ལྔ་པར་འབན་པོ་ཆོས་དབང་ལས་ངན་སོང་སྤྱོད་རྒྱུད་ཐུན་གཅིག་གསན། རྟོགས་ལྡན་རིན་སྨོན་དང་ཇོ་སྟོན་དར་བརྩོན་གཉིས་ལས་ཡི་གེའི་སྦྱོར་ཀློག་སློབ་ཞིང་ལེགས་པར་མཁྱེན། མཁན་ཆེན་ཆོས་དཔལ་ལས་དགེ་བསྙེན་དང་བར་མ་རབ་བྱུང་མཛད། རས་སྟོན་བསོད་ནམས་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་འདུལ་བའང་ལེགས་པར་གསན། [1571] མཁན་ཆེན་འོད་འབྱུང་དང་ཞྭ་ཆེན་རིན་ཆེན་འབྱུང་གནས་ལས་བསྙེན་པར་རྫོགས། གསང་ཕུ་བ་བློ་གྲོས་མཚུངས་མེད་ལས་ཚད་མ་རྣམ་ངེས་དང་། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག ཚད་མ་བསྡུས་པ། སྙན་ངག་དཔག་བསམ་འཁྲི་ཤིང་རྣམས་གསན། ཆོས་རྗེ་རང་བྱུང་རྡོ་རྗེ་ལས་རྒྱལ་བ་རྒྱ་མཚོ་དང་། ཕག་མོ། བདེ་མཆོག འཇིགས་བྱེད་ཀྱི་དབང་དང་། སྦྱོར་དྲུག ནཱ་རོ་ཆོས་དྲུག ལྷན་ཅིག་སྐྱེས་སྦྱོར། སྐུ་གསུམ་ངོ་སྤྲོད་རྣམས་ཀྱི་ཁྲིད། བདེ་མཆོག་རྩ་རྒྱུད། བརྟག་གཉིས། དོ་ཧ། སྐྱེས་རབས་སྔ་ཕྱི་གཉིས་རྣམས་ཀྱི་བཤད་པ། བསྙེན་སྒྲུབ། རས་ཆུང་སྙན་བརྒྱུད། བཅུད་ལེན་ཕྲེང་བ་ལ་སོགས་པ་ཞུས། ལས་སྟོད་དབང་རྒྱལ་ལས་དབང་མདོར་བསྟན་དང་། ཉི་ཟླ་སྒྲུབ་པ། སྦས་པ་མིག་འབྱེད་ལ་སོགས་པ་ཞུས། རིག་འཛིན་ཀུ་མཱ་རཱཛའི་དྲུང་ནས་རྫོགས་ཆེན་སྙིང་ཐིག་གི་སྐོར་རྣམས་ཞུས། ཀུན་སྤངས་ཆོས་གྲགས་དཔལ་ལས་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་དང་། གཤེད་དམར་གྱི་དབང་། རྡོ་རྗེ་སྙིང་འགྲེལ། བདེ་མཆོག་སྟོད་འགྲེལ། དུས་འཁོར་རྒྱུད་ཕྱི་མ་རྣམས་གསན། དཔང་ལོ་བློ་གྲོས་བརྟན་པ་ལས་རྡོ་རྗེ་རྩེ་མོ་དང་། ས་སྡེ་ལྔ། མངོན་པ་ཀུན་བཏུས། ཐུབ་པ་དགོངས་རྒྱན། སྙན་ངག་མེ་ལོང་། མཚན་བརྗོད་ལ་སོགས་པ་མང་དུ་ཞུས། གཡུང་སྟོན་ལས་ཡེ་ཤེས་གསང་རྫོགས་ཀྱི་རྒྱུད་གདམས་པ་དང་བཅས་པ། གསང་སྙིང་དབང་དང་བཅས་པ། ཨ་རོའི་གདམས་པ་སྐུངས་སྐོར་དང་བཅས་པ། མཁའ་འགྲོ་སྙིང་ཐིག་དབང་ལུང་ཁྲིད་དང་བཅས་པ། ཨ་རོའི་རྒྱུད་ཆུང་གི་ལུང་། ཙ་མི་འགྱུར་གྱི་དུས་[1572]འཁོར་རྒྱུད་འགྲེལ་གྱི་ལུང་དབང་བཅས་པ། གཤིན་རྗེ་གཤེད་ཀྱི་ལུང་། མདོ་དགོངས་འདུས། སེམས་སྡེ་མ་བུ་བཅོ་བརྒྱད་ལ་སོགས་པ་ཞུས། བུ་སྟོན་ལས་དུས་འཁོར་ཡོངས་རྫོགས་ཀྱི་དབང་དང་། རྒྱུད་འགྲེལ་གྱི་བཤད་པ། གསང་འདུས་ཀྱི་དབང་དང་མན་ངག་གི་ཁྲིད། སྤྱོད་བསྡུས། གྲུབ་པ་སྡེ་བདུན། ཕར་ཕྱིན། གཤེད་དམར་རྫོགས་རིམ་སོགས་མང་དུ་གསན། མཆིམས་བློ་བཟང་གྲགས་པ་ལས་བསླབ་བཏུས་དང་། དབུ་མ་འཇུག་པ་སོགས་ཞུས། ཀུན་མཁྱེན་དོལ་པོ་བ་ལས་མཆོག་དབང་དང་། ངེས་དོན་རྒྱ་མཚོ་སོགས་གསན། རྟོགས་ལྡན་གྲགས་པ་སེང་གེ་ལས་ནཱ་རོ་ཆོས་དྲུག་དང་། ལྷན་སྐྱེས་ཇོ་མོའི་བྱིན་རླབས། ཕྱག་རྡོར་གཏུམ་པོ་རས་ཆུང་ལུགས། གེགས་སེལ་ལ་སོགས་མང་དུ་ཞུས། དཔལ་ལྡན་བླ་མ་དམ་པ་ལས་གུར་རིགས་བསྡུས་ཀྱི་དབང་དང་། དབུ་མ་ལུགས་ཀྱི་སེམས་བསྐྱེད། ལམ་འབྲས་ལ་སོགས་གསན། སྦྱིར་བླ་མ་བརྒྱ་རྩ་བརྒྱད་བསྟེན་ཞིང་། མཁས་པའི་རྩེ་མོར་སོན། བསྟན་བཅོས་མང་དུ་མཛད། ཨེ་བོཾ་དགོན་པ་གསར་འདེབས་མཛད་ཅིང་ཚོགས་པ་བསྐྱངས་ཏེ་འཆད་ཉན་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རི་ཁྲོད་པ་མགོན་པོ་ཡེ་ཤེས་དང་། གདན་ས་པ་འཇམ་དབྱངས་ཆོས་མགོན། མཁས་གྲུབ་བྱང་ཆུབ་རྒྱལ་མཚན། མཁན་ཆེན་སངས་རྒྱས་བློ་གྲོས་བཅས་ཡིན། །
- language:
- Tibetan