- g.yag phrug sangs rgyas dpal
- ID:
- T243475
- གཡག་ཕྲུག་སངས་རྒྱས་དཔལ (Tibetan, Tibetan script, Original)
- > g.yag phrug sangs rgyas dpal (Tibetan, Latin script, Transliteration-THL Extended Wylie Transliteration)
- > yak truk sangye pal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རྩེ་ཐང་ག་གི་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་སྟག་(༡༣༥༠)ལོར་ས་སྐྱ་འཕྲང་ཞེས་བྱ་བར་སྐུ་འཁྲུངས། བྱང་ཆུབ་རིན་ཆེན་གྱི་ཉེ་གནས་གཡག་ཡུ་ཞེས་པས་སྲས་སུ་ངོས་བླངས་པས་ན་གཡག་ཕྲུག་ཅེས་གྲགས། ཐོག་མར་དཔལ་ལྡན་ས་སྐྱ་དང་རྩེད་ཐང་སོགས་སུ་གསན་སྦྱོང་མཛད། དེ་ནས་ས་སྐྱའི་མཁས་དབང་བརྩོན་འགྲུས་དཔལ་གཙོ་བོར་བསྟེན་ནས་མདོ་ལ་སྦྱངས་ཤིང། གོན་གྱོ་ཡེ་ཤེས་ལ་གསུང་ངག་སོགས་གསན། བུ་དོལ་གྱི་སློབ་མ་ཉ་བརྩོན་གཉིས། ཉ་བརྩོན་གཉིས་ཀྱི་སློབ་མ་གཡག་གཞོན་རྣམ་གཉིས་ཞེས་བསྟན་པའི་གསལ་བྱེད་དམ་པར་གྱུར། དབུས་གཙང་གི་མཁས་གྲུབ་གོང་མའི་བསྟི་གནས་སོ་སོར་སློབ་མ་འདུས་ཏེ་འཆད་ཉན་བསྐྱངས། རྒྱུན་འཛིན་མཁས་པ་རོང་སྟོན་སྨྲ་བའི་སེང་གེ་དང། རེད་མདའ་བ་ཆེན་པོ། གཞོན་ནུ་རྒྱལ་མཆོག་སོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན། རབ་བྱུང་བདུན་པའི་ཤིང་རྟ(༡༤༡༤)ལོར་གཤེགས་པར་གྲགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རྩེད་ཐང་ག་གི་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་སྟག་སྤྱི་ལོ (༡༣༥༠) ལོར་ས་སྐྱ་འཕྲང་ཞེས་བབྱང་ཆུབ་ཏུ་སྐུ་འཁྲུངས། བྱང་ཆུབ་རིན་ཆེན་གྱི་ཉེ་གནས་གཡག་ཡུ་ཞེས་པའི་སྲས་སུ་ངོས་བླངས་པས་ན་གཡག་ཕྲུག་ཅེས་གྲགས། ཐོག་མར་དཔལ་ལྡན་ས་སྐྱ་དང་རྩེད་ཐང་སོགས་སུ་གསན་སྦྱོང་མཛད། དེ་ནས་ས་སྐྱའི་མཁས་དབང་བརྩོན་འགྲུས་དཔལ་གཙོ་བོར་བསྟེན་ནས་མདོ་ལ་སྦྱངས་ཤིང་། གོན་གྱོ་ཡེ་ཤེས་ལ་གསུང་ངག་སོགས་གསན། བུ་དོལ་གྱི་སློབ་མ་ཉ་བརྩོན་གཉིས། ཉ་བརྩོན་གཉིས་ཀྱི་སློབ་མ་གཡག་གཞོན་རྣམ་གཉིས་ཞེས་བསྟན་པའི་གསལ་བྱེད་དམ་པར་འགྱུར། དབུས་གཙང་གི་མཁས་གྲུབ་གོང་མའི་བསྡི་གནས་སོ་སོར་སློབ་མ་འདུས་ཏེ་འཆད་ཉན་བསྐྱངས། རྒྱུན་འཛིན་མཁས་པ་རོང་སྟོན་སྨྲ་བའི་སེང་གེ་དང་། རེད་མདའ་བ་ཆེན་པོ། གཞོན་ནུ་རྒྱལ་མཆོག་སོགས་བསམ་གྱི་མི་ཁྱབ་པ་ཞིག་བྱོན། རབ་བྱུང་བདུན་པའི་ཤིང་རྟ་སྤྱི་ལོ (༡༤༡༤) ལོར་གཤེགས་པར་གྲགས།
- language:
- Tibetan