- g.ya' kyi mo
- ID:
- T243494
- གཡའ་ཀྱི་མོ (Tibetan, Tibetan script, Original)
- > g.ya' kyi mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > ya kyimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཁ་མཐོའི་བྱང་ལྟས་ཀྱི་རྫ་དང་རྡོ་གསེབ་ཏུ་འཁྲུངས་ཤིང་། རྩ་བ་ཕྲ་ལ་ཞིབ་པ་རྒྱུས་ཕྲན་ཅན། ཕྲ་ཞིང་མཉེན་ལ་སྙི་བའི་ངར་པ་ལྗང་དཀར་ཆུན་པོར་སྐྱེ་བའི་ངོས་ལོ་མ་ལྗང་སྨུག་དང་ལྗང་སེར་ཅི་རིགས་ཆུང་ངུ་མཐུག་ཅིང་འཇམ་ལ་འོད་དང་ལྡན་པ། མཐར་ཉག་ཆུང་ཅན་ཕྱོགས་གསུམ་ནས་རེས་མོས་སྐྱེ་བས་ངར་པའི་རྩེར་མེ་ཏོག་བཞད་པ་ལྟ་བུའི་དབྱིབས་སུ་གྲུབ་པ། མེ་ཏོག་སེར་པོ་ཤིན་ཏུ་ཆུང་བ། འདབ་མ་ཐུང་ལ་མཐུག་པ་བཞི་རེ་ཅན། རོ་ཤིན་ཏུ་ཁ་བ་འདི་ལ་མེ་ཏོག་གི་ཁ་དོག་མི་འདྲ་བ་རིགས་ལྔ་ཡོད་པར། སྨན་དུ་སྦྱར་བྱ་ནི་ལོ་མ་སྟེ། ཟླ་བ་༧~༨པར་བཏུས་ནས་སྔོ་ཆོལ་དམའ་ཕབ་དང་བསིལ་སྐམ་ལེགས་ཚགས་བྱ། རོ་ཁ། ཞུ་རྗེས་བསིལ། ནུས་པས་མཁྲིས་ཚད་སེལ་ཞིང་མཁྲིས་པ་རྒྱས་པ་ཞི་བ་དང་། ཐུར་དུ་སྦྱོང་ཞིང་ཡང་ན་སྐྱུགས་པར་བྱེད། འདི་མཁྲིས་པའི་སྨན་མཆོག་ཟླ་མེད་ཡིན།
- language:
- Tibetan