Skip to main content Skip to search
g.ya' dang spang gi mtshams
ID:
T243497
  • གཡའ་དང་སྤང་གི་མཚམས (Tibetan, Tibetan script, Original)
    • > g.ya' dang spang gi mtshams (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ya dang pang gi tsam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཡའ་རི་དང་སྤང་རིའི་མཚམས་ཞེས་པའི་དོན། བོད་རིགས་ཀྱི་ས་གཤིས་ངོ་བོའི་རྣམ་གྲངས་འབྱེད་པའི་ཐབས་ཤེས་སྟབས་བདེ་བ་ཞིག་སྟེ། རི་ལ་རྫ་རི། གཡའ་རི། སྤང་རི། ནགས་རི། བྲག་རི། གངས་རི་སོགས་ཀྱི་དབྱེ་བ་ཡོད། མགུར་མ་ཁ་ཤས་ནང་ལ་ཚིག་སྦྱོར་སྙན་པ་འདི་ལྟར། བཏུང་བ་འབབ་ཆུ་བསིལ་མ་དེ། འབད་ཅིང་རྩོལ་བ་མི་དགོས་པར། གཡའ་སྤང་མཚམས་ནས་རང་རྡོལ་བྱུང། སོས་འཐུང་སྐོམ་པའི་གདུང་བ་སེལ། ཞེས་དང་ཡང། ལྷ་བྱ་གོང་མོ་ཡིད་འོང་གིས། གཡའ་སྤང་ཁྲོད་ནས་རྩྭ་ཆུ་བཙལ། ད་ལྟ་གངས་གཡའི་མཚམས་མ་བསྡད། ན་བུན་ཁྲོད་ན་སྐད་སྙན་བསྒྱུར། ཞེས་སོ། །

language:
Tibetan

2. Thupten Phuntsok Dictionary

གཡའ་རི་དང་སྤང་རིའི་མཚམས་ཞེས་པའི་དོན། བོད་རིགས་ཀྱིས་ས་གཤིས་ངོ་བོའི་རྣམ་གྲངས་འབྱེད་པའི་ཐབས་ཤེས་སྟབས་བདེ་བ་ཞིག་སྟེ། རི་ལ་རྫ་རི། གཡའ་རི། སྤང་རི། ནགས་རི། བྲག་རི། གངས་རི་སོགས་ཀྱི་དབྱེ་བ་ཡོད། མགུར་མ་ཁ་ཤས་ནང་ལ་ཚིག་སྦྱོར་སྙན་པ་འདི་ལྟར། བཏུང་བ་འབབ་ཆུ་བསིལ་མ་དེ། །འབད་ཅིང་རྩོལ་བ་མི་དགོས་པར། །གཡའ་སྤང་མཚམས་ནས་རང་རྡོལ་བྱུང་། །སོས་འཐུང་སྐོམ་པའི་གདུང་བ་སེལ། །ཞེས་དང་ཡང་། ལྷ་བྱ་གོང་མོ་ཡིད་འོང་གིས། །གཡའ་སྤང་ཁྲོད་ནས་རྩྭ་ཆུང་བཙལ། །རྒྱུན་དུ་གངས་གཡའི་མཚམས་ན་བསྡད། །ན་བུན་ཁྲོད་ན་སྐད་སྙན་བསྒྱུར། །ཞེས་སོ། །

language:
Tibetan