- g.ya' mo thang pa
- ID:
- T243500
- གཡའ་མོ་ཐང་པ (Tibetan, Tibetan script, Original)
- > g.ya' mo thang pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > yamo tangpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རླན་གཤེད་ཆེ་བའི་སྤང་ལྗོངས་སོགས་སུ་འཁྲུངས་ཤིང་། བོངས་ཚད་ཤིན་ཏུ་ཐུང་བ་སྨི་༠.༠༡~༠.༠༢ ཙམ་ལ།ལོ་མ་ལྗང་འཇམ་མཐུག་པ་ལྕེ་དབྱིབས་གསུམ་བཞི་ཙམ་རྩ་བ་ནས་གྱེས་པ། རྩ་བ་ཕྲ་ལ་ཐུང་བ་རྒྱུས་ཕྲན་ཐར་ཐོར་ཡོད་པ། མེ་ཏོག་ཟིང་དམར་དཀྱིལ་དུ་སེར་ཐིག་ཅན་དྲིལ་དབྱིབས་ཁ་གཡེལ་ལ་སྦུབ་ནས་གེ་སར་ཆུང་ངུ་མངོན་པ། འདབ་མ་ལྔ་རེ་ཡོད་པ་བཞི་ལྔ་ཙམ་བཞད་སྨན་དུ་སྦྱར་བྱ་ནི་མེ་ཏོག་སྟེ། ཟླ་༥~༦བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་མངར། ཞུ་རྗེས་སྙོམས། ནུས་པས་རྨ་གསོ། སྐྲངས་པ་འདུལ།
- language:
- Tibetan