Skip to main content Skip to search
g.yu thog rnying ma'i 'khrungs khang
ID:
T243533
  • གཡུ་ཐོག་རྙིང་མའི་འཁྲུངས་ཁང (Tibetan, Tibetan script, Original)
    • > g.yu thog rnying ma'i 'khrungs khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yu tok nyingmé trung khang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྤྱི་ལོའི་དུས་རབས་བརྒྱད་པར་པུར་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་པ། དཔལ་ལྡན་རྒྱུད་བཞིའི་བྱེད་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་ལམ། འཁྲུངས་ཁང་ནི་ལྷ་ས་གྲོངཁྱེར་ཁོངས་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཆུས། ཆུ་ཚན་གྲོང་ཚོ་རུ་ཁག་དང་པོའི་ཁོངས་སུ་ཡོད་པའི་གཡུ་ཐོག་སྒང(གནའ་དུས་སུ་སྟོད་ལུང་སྐྱིད་སྣ་ཞེས་ཟེར)ཞེས་པ་དེ་ཡིན། གྲོང་ཚོ་དེའི་ཕུར་གཡུ་ཐོག་པའི་སྨན་ཐོག་པ་དང་སྐུ་མཚམས་སུ་བཞུགས་ཡུལ་སྨན་ལུང་པ་ཞེས་སྨན་རྩྭ་སྣ་ཚོགས་སྐྱེས་ཡུལ་དང། ཤར་དུ་རྫ་རི་ནག་པོ་རྩེ་མོར་སྡེ་བརྒྱད་ཕོ་བྲང་ཡོད་ཅེས་པ་དེའི་སྡེ་བརྒྱད་ཀྱིས་ཡུལ་དེར་སེར་བ་དྲག་ཏུ་བབ་པས། སྔགས་འཆང་གིས་ཐུན་ཟོར་འཕངས་སྟབས་སྡེ་བརྒྱད་ལ་རྨས་སྐྱོན་བྱུང་བ་དེ་བཅོས་པར་གཡུ་ཐོག་པ་གདན་དྲངས་ཏེ་རྩ་བཅོས་མཛད་པའི་ལེགས་སྐྱེས་སུ་བུད་མེད་ཀྱི་ཕུང་པོ་གཡུ་ཡིས་སྤྲས་པ་ཞིག་ཆུ་ཐོག་ནས་ཕུལ་སྟབས། གཡུ་དེ་དག་ཐོག་སྟེང་དུ་སྐམ་པས་གཡུ་ཐོག་པ་ཞེས་གྲགས་ཏེ་གནས་འདི་བྱུང་བ་ཡིན་ཞེས་ཟེར་སྲོལ་འདུག།

language:
Tibetan

2. Thupten Phuntsok Dictionary

སྤྱི་ལོའི་དུས་རབས་བརྒྱད་པར་པུར་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་པ། དཔལ་ལྡན་རྒྱུད་བཞིའི་བྱེད་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་ལམ། འཁྲུངས་ཁང་ནི་ལྷ་ས་གྲོང་ཁྱེར་ཁོངས་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཆུས། ཆུ་ཚན་གྲོང་ཚོ་རུ་ཁག་དང་པོའི་ཁོངས་སུ་ཡོད་པའི་གཡུ་ཐོག་སྒང (གནའ་དུས་སུ་སྟོད་ལུང་སྐྱིད་སྣ་ཞེས་ཟེར) ཞེས་པ་དེ་ཡིན། གྲོང་ཚོ་དེའི་ཕུར་གཡུ་ཐོག་པའི་སྨན་ཐོག་པ་དང་སྐུ་མཚམས་སུ་བཞུགས་ཡུལ་སྨན་ལུང་པ་ཞེས་སྨན་རྩྭ་སྣ་ཚོགས་སྐྱེས་ཡུལ་དང་། ཤར་དུ་རྫ་རི་ནག་པོ་རྩེ་མོར་སྡེ་བརྒྱད་ཕོ་བྲང་ཡོད་ཅེས་པ་དེའི་སྡེ་བརྒྱད་ཀྱིས་ཡུལ་དེར་སེར་བ་དྲག་ཏུ་བབ་པས། སྔགས་འཆང་གིས་ཐུན་ཟོར་འཕངས་སྟབས་སྡེ་བརྒྱད་ལ་རྨས་སྐྱོན་བྱུང་བ་དེ་བཅོས་པར་གཡུ་ཐོག་པ་གདན་དྲངས་ཏེ་རྩ་བཅོས་མཛད་པའི་ལེགས་སྐྱེས་སུ་བུད་མེད་ཀྱི་ཕུང་པོ་གཡུ་ཡིས་སྤྲས་པ་ཞིག་ཆུ་ཐོག་ནས་ཕུལ་སྟབས། གཡུ་དེ་དག་ཐོག་སྟེང་དུ་སྐམ་པས་གཡུ་ཐོག་པ་ཞེས་གྲགས་ཏེ་གནས་འདི་བྱུང་བ་ཡིན་ཞེས་ཟེར་སྲོལ་འདུག

language:
Tibetan