Skip to main content Skip to search
g.yu thog ldum bzhi
ID:
T243534
  • གཡུ་ཐོག་ལྡུམ་བཞི (Tibetan, Tibetan script, Original)
    • > g.yu thog ldum bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yu tok dum shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གང་ཟག་གི་མཚན་རྫས་ལ་སྦྱར་བའི་གང་ག་ཆུང་དང་། སྟོང་རི་ཟིལ་པ། ལྕགས་ཏིག་གམ་སྤང་རྩི་དོ་བོ། འཛིན་པ་བཅས་བཞིའི་བསྡུས་མིང་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། གང་ག་ཆུང་ནི་གཡའ་དང་སྤང་ལ་སྐྱེ། སྟོང་རི་ཟིལ་པ་ཆུ་ཡི་ནང་དུ་སྐྱེ། ཏིག་ཏ་ལྕགས་མགོ་ན་བའི་ནང་དུ་སྐྱེ། འཛིན་པ་ཞེས་བྱ་རྒྱ་ཤོད་གར་ཡང་སྐྱེ། བཞི་ག་ཆ་མཉམ་གླ་བ་ཞད་ཙམ་འདེབས་རིམས་ལ་གྲང་ཐང་གཉན་ཚད་ལ་སོགས་པར། གམ་ཕྱེ་ཆུས་འཕུལ་ནད་ཀྱི་ཚབས་དང་བསྟུན། གདམས་པ་ཚེགས་ཆུང་དོན་ནི་འདི་ལྟ་བུ། རིན་ཆེན་གསེར་དང་བརྗེ་བར་ག་ལ་ཕོད། མཁའ་འགྲོའི་གསང་སྨན་གཡུ་ཐོག་ལྡུམ་བཞི་ཡིན། འཆི་བདག་གཤིན་རྗེ་བཟློག་པའི་མན་ངག་ཡིན། ཞེས་གསུངས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། སྟོང་ཟིལ། འཛིན་པ་གང་ག་ཆུང་། སྤང་རྩི་དོ་བོ་བཞི་པོ་ལ། གཡུ་ཐོག་ལྡུམ་བཞི་ཞེས་སུ་བཤད། ཅེས་གསུངས་ཤིང་དེ་གཉིས་ཀྱི་ནང་ཏིག་ཏ་དང་སྤང་རྩི་གཉིས་ཞལ་མི་མཐུན་པ་མཆིས་པས་གང་ཡིན་ཚོད་མ་ཐིག་པས་སླད་དཔྱོད་ལྡན་དག་གིས་དཔྱོད་ཅིག

language:
Tibetan