- g.yung ston rdo rje dpal
- ID:
- T243547
- གཡུང་སྟོན་རྡོ་རྗེ་དཔལ (Tibetan, Tibetan script, Original)
- > g.yung ston rdo rje dpal (Tibetan, Latin script, Transliteration-THL Extended Wylie Transliteration)
- > yung tön dorjé pal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསང་སྔགས་རྙིང་མའི་བླ་ཆེན་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་སྟེ་རབ་བྱུང་ལྔ་པའི་ཤིང་སྤྲེལ(༡༢༨༤)ནས་རབ་བྱུང་དྲུག་པའི་ཤིང་སྦྲུལ(༡༣༦༥)ལོ་བར་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས། གསང་སྔགས་གསར་རྙིང་དང་ལྷག་པར་རྙིང་མ་དང་དུས་འཁོར་ལ་ཤིན་ཏུ་མཁས། དགུང་ལོ་ཉེར་བདུན་པ་རབ་བྱུང་ལྔ་པའི་ས་ཁྱི(༡༢༩༨)ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཡོན་ཝེན་ཙུང་ཐུག་ཐེའི་མུར(元文宗图帖睦尔)གྱིས་གདན་དྲངས། ལོ་བཅུའི་བར་རྒྱལ་པོའི་མཆོད་གནས་སུ་བཞུགས་ཏེ་རྒྱལ་པོ་གྲོངས་པ་དང་བོད་དུ་ཕྱིར་ཕེབས། ལོ་རྒྱུས་ཅུང་ཟད་རྒྱས་པ་རང་ཉིད་ཀྱིསམཛད་པའི་རྣམ་ཐར《ངོ་མཚར་རྒྱ་མཚོའི་རྦ་རླབས་ཀྱི་རང་སྒྲ》དང《དེབ་ཐེར་སྔོན་པོ》ལེ་ཚན[ག]པའི་ཤོག་གྲངས༢༢ནས༢༣བར་དང《ཆོས་འབྱུང་མཁས་པའི་དགའ་སྟོན》ལེ་ཚན[པ]པའི་ཤོག་གྲངས༤༨པར་གསལ།
- language:
- Tibetan
2. Thupten Phuntsok Dictionary
གསང་སྔགས་རྙིང་མའི་བླ་ཆེན་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་སྟེ་རབ་བྱུང་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་༡༢༨༤ནས་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་༡༣༦༥ལོ་བར་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས། གསང་སྔགས་གསར་རྙིང་དང་ལྷག་པར་རྙིང་མ་དང་དུས་འཁོར་ལ་ཤིན་ཏུ་མཁས། དགུང་ལོ་ཉེར་བདུན་རབ་བྱུང་ལྔ་པའི་ས་ཁྱི་སྤྱི་ལོ་༡༢༩༨ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཡོན་ཝེན་ཙུང་ཐུག་ཐེའི་མུར་གྱིས་གདན་དྲངས། ལོ་བཅུའི་བར་རྒྱལ་པོའི་མཆོད་གནས་སུ་བཞུགས་ཏེ་རྒྱལ་པོ་གྲོངས་པ་དང་བོད་དུ་ཕྱིར་ཕེབས།
- language:
- Tibetan