Skip to main content Skip to search
ra sna mU la
ID:
T243672
  • ར་སྣ་མཱུ་ལ (Tibetan, Tibetan script, Original)
    • > ra sna mU la (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ra na mu la (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལེགས་སྦྱར་གྱི་སྐད་དེ། བོད་ཀྱི་སྐད་དུ་བསྒྱུར་ན། སྒྲ་བྱེད་རྩ་བའམ་ར་སྣ་ཤིང་གི་རྩ་བ་ཞེས་འགྱུར་བར་དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་གསུངས་པ་དང་། དེ་ཉིད་ངོས་འཛིན་ཐད་མཁས་པའི་བཞེད་པ་མི་འདྲ་བ་མཆིས་པས་ཕྱོགས་བསྡུས་སུ་བཀོད་ན། ཟླ་ཟེར་ལས་བཀྲུ་སྨན་གྱི་སྡེ་དང་། སྦྱོར་བ་བརྒྱ་པར་མས་བཏང་གི་གྲས་སུ་གསུངས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། ར་སྣ་མཱུ་ལ་ནི་ཤིང་སྨན་དྲི་རོ་བཟང་པོ་འཁྲུ་ནུས་པ་ཞིག་གི་རྩ་བ་ཡིན་པར་སེམས་པས། རླུང་སེལ་བའི་ནུས་པ་དང་བཅས་མཚུངས་པས་སྒྲོན་ཤིང་གི་རྩ་བར་སེམས། ཞེས་གསུངས་པ་དང་། དཀའ་འགྲེལ་ལས། གཡུ་ཐོག་པའི་རྒྱུད་ཕྱག་དྲེག་མ་སོགས་མཆན་བུ་དུ་མའི་དགོངས་པ་དང་མཐུན་པ་རྩི་ཏྲ་ཀའི་རྩ་བའོ། །ཞེས་གསུངས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་ཀུན་གསལ་སྣང་མཛོད་ལས། ར་སྣ་མཱུ་ལ་ཞེས་པ་པི་ལིང་རྩ། འདི་དང་རྭ་སྣ་ནོར་བ་འགའ་མཐོང་ངོ་། །ཞེས་གསུངས་པས་དཔྱད་པར་བྱའོ། །

language:
Tibetan