- ra mo shag chen
- ID:
- T243681
- ར་མོ་ཤག་ཆེན (Tibetan, Tibetan script, Original)
- > ra mo shag chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > ramo shak chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བསིལ་གྲིབ་དང་། རླན་གཤེར། ཁྱད་པར་དུ་ཤིང་ལོ་རུལ་བ་ཕུང་གསོག་ཐེབས་པའི་ཁྲོད་བཅས་སུ་འཁྲུངས་ཤིང་ལོ་མང་སྐྱེ་བའི་ལྡུམ་རིགས་ཡིན། སྐྱེ་ཚུལ་ཤ་རྒྱུའི་རྩ་བའི་རྡོག་པོ་ཆིག་སྐྱེས་སྦོམ་ལ་རྒྱས་པ་ཆེ་ཆུང་ཅི་རིགས་ལ་མང་ཆེ་བ་ལུག་སྙིང་ཙམ། དབྱིབས་འཇོང་ནར་གཉེར་ཚིགས་ཅན། ས་འོག་ནས་ཕྲེང་དུ་ཉལ་ནས་སྐྱེ་ལས་སྡོང་པོ་ཁམ་སེར་ཆིག་སྐྱེས་དྲང་ལ་མཁྲང་བ་མཐོ་ཚད་སྨི་0.6~1.1ཙམ་ཟིན་པའི་སྨད་ཆའི་ཚིགས་མཚམས་རེ་ནས་ཚིགས་ཤུབ་ཁ་དོག་སྐྱ་བོས་དཀྲིས་པ་དང་། སྟོད་ཆར་ཁ་དོག་དམར་སེར་མདངས་མི་གསལ་བ་རེ་འཆར་བའི་སྙེ་མ་ཅན། ཟླ7~8པར་གང་བུ་སྒོར་ནར་གྱི་ནང་དུ་འབྲས་བུ་ཞིབ་མོ་མང་དུ་ཡོད་པ་འདོགས་པ་ཞིག་གོ། སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ། ཟླ་12པ་ནས་ཕྱི་ལོའི་ཟླ་3པའི་བར་གྱི་དུས་བརྐོས་ནས་ས་དྲེག་སོགས་གཙང་མར་བཀྲུས་ཏེ་ནུས་བསྐྱེད་དང་དྲོད་དུ་བཀུག་ཕྱིར་རླངས་བཙོས་བྱས་ལ་སྐམ་གསེད་བྱ་བ་ཡིན། རོ་མངར། ཞུ་རྗེས་སྙོམས། ནུས་པས་བཅུད་ལེན་ཟུངས་སྟོབས་སྐྱེད། ཁྱད་པར་མགོ་བོ་རྒྱན་དུ་ན་བ་དང་། མགོ་འཁོར་བ། མིག་ལམ་རབ་རིབ་བྱེད་པ། གཉིད་གཡེལ་བ། ཡན་ལག་རྩ་ཚིགས་ན་ཞིང་སྦྲིད་པའམ་ཚོར་བ་ཉམས་པ། བརྒྱལ་གཟེར་དང་མིར་ཥི་ལ་སོགས་རྩ་ནད་སེལ་ཞིང་། ཟུངས་ཟད་རླུང་ལྡན་དང་རེངས་འཁུམས་ཀྱི་ནད་རིགས་བཅས་ལ་མཆོག
- language:
- Tibetan