Skip to main content Skip to search
ra sa ya nA
ID:
T243708
  • ར་ས་ཡ་ནཱ (Tibetan, Tibetan script, Original)
    • > ra sa ya nA (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ra saya na (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལེགས་སྦྱར་གྱི་སྐད་དེ། བོད་ཀྱི་སྐད་དུ་བསྒྱུར་ན། རོ་མཆོག་རོའི་ཐེག་པ་ཞེས་འགྱུར་བས་དོང་ག་དང་། ཐར་ནུ། རེ་ལྕག སྐྱེར་པ། ཨ་རུ་བཅས་བཤལ་སྨན་གྱི་སྦྱོར་སྡེའི་མིང་ཡིན་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀི་འགྲེལ་པ་བཻ་སྔོན་ལས་གསུངས་ཤིང་། གཞན་ཡང་ཨ་རུའི་མིང་གི་རྣམ་གྲངས་ལའང་འཇུག་པར་མཆིས་པས་དེའི་སྐབས་ཀྱི་སྒྲ་བསྒྱུར་ན་བཅུད་ལེན་ཞེས་འགྱུར་བར་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས་གསུངས།

language:
Tibetan