- rak+ta mig med
- ID:
- T243718
- རཀྟ་མིག་མེད (Tibetan, Tibetan script, Original)
- > rak+ta mig med (Tibetan, Latin script, Transliteration-THL Extended Wylie Transliteration)
- > rakta mikmé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ལྗོངས་ཡོངས་ཀྱི་ཡུལ་ཀུན་ཏུ་མེད་ས་གང་ཡང་མེད་ཅིང་། མང་ཆེ་བ་རྡོའི་འོག་ཏུ་ཁུང་བྲུས་ནས་མང་པོ་འདུས་སྡོད་བྱེད་པ་དང་། ཐུན་མོང་དུ་འབུ་ཕྲུག་སྐྱོང་། ཤུགས་ཤིན་ཏུ་ཆེ་བས་རང་ཉིད་ཀྱི་ལུས་ཚད་ལས་ལྡབ་བཅུ་ལས་ལྕི་བའི་དངོས་པོ་འཁུར་བཏུབ། ལུས་ཀྱི་རིང་ཚད་སྨི་0.008~0.01ཙམ་མགོར་ཤ་མིག་གཉིས་དང་སྤུ་རྭ་གཉིས་ཡོད་པ། མོ་ཅུང་ཟད་ཆེ་ཞིང་། ཕོ་ཅུང་ཟད་ཆུང་བ། ནར་སོན་དུས་གཤོག་པ་སྐྱེ་བ། མདོག་ནག་པོ་འོད་དང་ལྡན་པ། མིང་གཞན་ནི་རྒྱུ་རྒྱུ་ར་དང་། གཤིན་རྗེའི་བུ། སྲིན་ཕྲ་མ། གྲོག་མ། འབུ་གྲོག་མ་བཅས་སོ། །སྨན་དུ་སྦྱར་བྱ་ནི་བུབ་རིལ་ཏེ། རོ་ལན་ཚ། ཆུ་རྗེས་སྙོམས། དུག་ཕྲན་ཡོད། ནུས་པས་རྩ་ཁ་འབྱེད་ཅིང་དམུ་ཆུ་སྦྱོང་།
- language:
- Tibetan