- rang bzhin gyi rtog pa sum cu rtsa gsum
- ID:
- T243892
- རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ (Tibetan, Tibetan script, Original)
- > rang bzhin gyi rtog pa sum cu rtsa gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > rangshyin gyi tokpa sumchu tsa sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཆོས་ཉིད་ཀྱི་བར་དོ་ལ་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་འགག་པའི་དང་པོ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་ནི། ཨྰརྱ་དེ་བའི་སྤྱོད་བསྡུས་ལས། ༡.འདོད་ཆགས་དང་བྲལ་བ་དང་། ༢.འདོད་ཆགས་དང་བྲལ་བ་བར་མ་དང་། ༣.ཤིན་ཏུ་འདོད་ཆགས་དང་བྲལ་བའི་གང་ཡིད་ཀྱི་འགྲོ་བ་དང་། ༤.འོང་བ་དག་དང་། ༥.མྱ་ངན་དང་། ༦.མྱ་ངན་བར་མ་དང་། ༧.ཤིན་ཏུ་མྱ་ངན་གྱུར་བ་དང་། ༨.ཞི་བ་དང་། ༩.རྣམ་རྟོག་དང་། ༡༠.འཇིགས་པ་དང་། ༡༡.འཇིག་པ་བར་མ་དང་། ༡༢.ཤིན་ཏུ་འཇིགས་པ་དང་། ༡༣.སྲེད་པ་དང་། ༡༤.སྲེད་པ་བར་མ་དང་། ༡༥.ཤིན་ཏུ་སྲེད་པ་དང་། ༡༦.ཉེ་བར་ལེན་པ་དང་། ༡༧.མི་དགེ་བ་དང་། ༡༨.བཀྲེས་པ་དང་། ༡༩.སྐོམ་པ་དང་། ༢༠.ཚོར་བ་དང་། ༢༡.ཚོར་བ་བར་མ་དང་། ༢༢.ཤིན་ཏུ་ཚོར་བ་དང་། ༢༣.རིག་པ་པོ་དང་། ༢༤.འཛིན་པའི་གཞི་དང་། ༢༥.སོ་སོར་རྟོག་པ་དང་། ༢༦.ངོ་ཚ་ཤེས་པ་དང་། ༢༧.སྙིང་རྗེ་དང་། ༢༨.བརྩེ་བ་དང་། ༢༩.བརྩེ་བ་བར་མ་དང་། ༣༠.ཤིན་ཏུ་བརྩེ་བ་དང་། ༣༡.དོགས་པ་དང་བཅས་པ་དང་། ༣༢.བསྡུས་པ་དང་། ༣༣.ཕྲག་དོག་སྟེ་སོ་གསུམ་མོ། །
- language:
- Tibetan
2. Thupten Phuntsok Dictionary
ཆོས་ཉིད་ཀྱི་བར་དོ་ལ་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་འགགས་པའི་དང་པོ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་ནི། ཨཱརྱ་དེ་བའི་སྤྱོད་བསྡུས་ལས། ༡ འདོད་ཆགས་དང་བྲལ་བ་དང་། ༢ འདོད་ཆགས་དང་བྲལ་བ་བར་མ་དང་། ༣ ཤིན་ཏུ་འདོད་ཆགས་དང་བྲལ་བའི་གང་ཡིན་ཀྱི་འགྲོ་བ་དང་། ༤འོང་བ་དག་དང་། ༥ མྱ་ངན་དང་། ༦ མྱ་ངན་བར་མ་དང་། ༧ ཤིན་ཏུ་མྱ་ངན་གྱུར་བ་དང་། ༨ ཞི་བ་དང་། ༩ རྣམ་རྟོག་དང་། ༡༠ འཇིགས་པ་དང་། ༡༡ འཇིགས་པ་བར་མ་དང་། ༡༢ ཤིན་ཏུ་འཇིགས་པ་དང་། ༡༣ སྲེད་པ་དང་། ༡༤སྲེད་པ་བར་མ་དང་། ༡༥ ཤིན་ཏུ་སྲེད་པ་དང་། ༡༦ ཉེ་བར་ལེན་པ་དང་། ༡༧ མི་དགེ་བ་དང་། ༡༨ བཀྲེས་པ་དང་། ༡༩ སྐོམ་པ་དང་། ༢༠ ཚོར་བ་དང་། ༢༢ ཤིན་ཏུ་ཚོར་བ་དང་། ༢༣ རིག་པ་པོ་དང་། ༢༤འཛིན་པའི་གཞི་དང་། ༢༥ སོ་སོར་རྟོག་པ་དང་། ༢༦ ངོ་ཚ་ཤེས་པ་དང་། ༢༧ སྙིང་རྗེ་དང་། ༢༨ བརྩེ་བ་དང་། ༢༩ བརྩེ་བ་བར་མ་དང་། ༣༠ ཤིན་ཏུ་བརྩེ་བ་དང་། ༣༡ དོགས་པ་དང་བཅས་པ་དང་། ༣༢ བསྡུས་པ་དང་། ༣༣ ཕྲག་དོག་སྟེ་སོ་གསུམ་མོ། །
- language:
- Tibetan