- rab rgyas dgon
- ID:
- T243941
- རབ་རྒྱས་དགོན (Tibetan, Tibetan script, Original)
- > rab rgyas dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > rabgyé gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1) དགོན་པ་འདི་བཏབ་དུས་དང་འདེབས་མཁན་མ་གསལ། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་དུ་ཡོད། (2) ཐོག་མར་རབ་བྱུང་ལྔ་པའི་ཆུ་འབྲུག་སྤྱི་ལོ༡༢༩༢ལོར་ཀཿཐོག་བྱམས་པ་འབུམ་གྱིས་སློབ་མ་འབྲུ་ཚ་སྒང་རིན་ཆེན་གྱིས་བཏབ། རབ་བྱུང་བཅུ་བཞི་པའི་ལྕགས་གླང་སྤྱི་ལོ༡༨༤༡ལོར་གླིང་སྐྱེས་དང་། ཨ་སངས་གཉིས་ཀྱིས་ཡོན་བདག་བྱས་ཏེ་རྒྱལ་རོང་གཏེར་ཆེན་གྱིས་དགོན་ས་ཀརྨེ་ཐང་དུ་སྤོས། འདུ་ཁང་སོགས་གསར་བཞེངས་གནང་། གྲུབ་མཐའ་རྙིང་མ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད། (3) མིང་གཞན་དུ་པྲ་སྡི་རབ་རྒྱས་དགོན་པ་ཟེར། ཕག་གྲུའི་དུས་འགོར་བླ་མ་ཞིག་ཧས་ཕྱག་བཏབ། ཕྱིས་སུ་འགོ་གཙོ་རབ་རྒྱས་ཀྱིས་རྒྱས་སྐྲུན་བྱས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་ཁོངས་སུ་ཡོད།
- language:
- Tibetan