Skip to main content Skip to search
rab shis klung shod dgon pa
ID:
T243973
  • རབ་ཤིས་ཀླུང་ཤོད་དགོན་པ (Tibetan, Tibetan script, Original)
    • > rab shis klung shod dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rab shi lung shö gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རག་ཤུལ་ཀླུང་ཤོད་དགོན་ཞེས་འབྲི་སྲོལ་ཡང་འདུག རབ་བྱུང་བདུན་པའི་ལྕགས་རྟ་སྤྱི་ལོ་༡༣༩༠ལོ་ཙམ་ནས་གནས་འདིར་རབ་གཤིས་བན་བརྒྱ་མ་ཞེས་པའི་འབྲི་གུང་བཀའ་བརྒྱུད་ཀྱི་སྦྲ་དགོན་ཞིག་ཆགས། དེ་ནས་བཟུང་བཀའ་བརྒྱུད་པའི་ཆོས་བརྒྱུད་འཕེལ། རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་སུ་དགོན་པ་དགེ་ལུགས་པར་བསྒྱུར། རབ་བྱུང་བཅུ་སྒུམ་པའི་ཆུ་རྟ་སྤྱི་ལོ་༡༧༦༢ལོར་ཁམས་མགྱོགས་བློ་བཟང་ཐུབ་བསྟན་རྒྱ་མཚོས་ད་ལྟའི་དགོན་པ་འདི་གསར་བཞེངས་མཛད། མིང་གཞན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་ཟེར། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་ཁོངས་སུ་ཡོད།

language:
Tibetan