Skip to main content Skip to search
rAk+Sha mig med
ID:
T243992
  • རཱཀྵ་མིག་མེད (Tibetan, Tibetan script, Original)
    • > rAk+Sha mig med (Tibetan, Latin script, Transliteration-THL Extended Wylie Transliteration)
    • > raksha(?) mikmé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདྲ་བ་ལ་རྒྱུ་མཚན་བྱས་ནས་བཏགས་པའི་འབུ་གྲོག་མའི་མིང་གི་རྣམ་གྲངས་ཤིག་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རཱཀྵ་མིག་མེད་ཅེས་འབུ་གྲོག་མའི་མིང་སྟེ། ངེས་ཚིག་ནི་རཱཀྵ་སྲིན་པོའི་སྐད་དོད་ཡིན་པས་འདིས་འབུ་རྣམས་ཟ་བར་བྱེད་པས་ན་སྲིན་པོ་ཞེས་བཤད་ཅིང་། དེ་ལ་མིག་མེད་པར་བཤད་པས་ན་མིག་མེད་ཅེས་ཟེར་ཏེ། རྗེ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་ལེགས་བཤད་རིན་པོ་ཆེའི་གཏེར་ལས། སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །མིག་ལྡན་གཞན་ལས་ལྷག་པར་མགྱོགས། །ཞེས་ཀྱང་འདི་ལ་གསུངས་པའོ། །ཞེས་གསུངས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ལས། དུག་དང་མགྲོན་བུ་བརྟག་ལ་རུ་རཱཀྵའི། འབྲས་བུ་གདོང་དྲུག་དགོས་ཀྱང་རྩ་བཤལ་འགར། རཱཀྵ་མིག་མེད་ཅེས་བྱར་གྲོག་མ་དང་། ནོར་བས་རཱཀྵའི་འབྲས་བུ་གཏོང་ཞེས་ཟེར། ཞེས་གསུངས་པ་ལྟར་རོ། །

language:
Tibetan