- ri skya bsam gtan gling
- ID:
- T243994
- རི་སྐྱ་བསམ་གཏན་གླིང (Tibetan, Tibetan script, Original)
- > ri skya bsam gtan gling (Tibetan, Latin script, Transliteration-THL Extended Wylie Transliteration)
- > ri kya samten ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དུས་རབས་བཅོ་བརྒྱད་པའི་ནང་རི་སྐྱ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་མངའ་རིས་བློ་བཟང་རྣམ་རྒྱལ་གྱིས་བཏབ། སྔོན་མ་དེ་གར་དགོན་ཤུལ་ཞིག་ཡོད་པ་དེར་རི་སྐྱ་བསམ་གཏན་གླིང་རི་ཁྲོད་དགེ་འདུན་སྡེ་དང་བཅས་པ་དང་ཆགས། དེ་རྗེས་རིམ་བཞིན་རྒྱ་སྐྱེད་ཀྱིས་འདུ་ཁང་དང་། བླ་བྲང་། གྲྭ་ཤག་སོགས་གཞི་ཁྱོན་ཆེ་ཙམ་ཡོད། སེར་བྱེས་རི་སྐྱ་སྤྲུལ་སྐུ་སྐུ་ཕྲེང་ན་རིམ་ནས་ཞལ་བདག་གནང་། ཏཱ་ལའི་བླ་མའི་འོས་སྤྲུལ་རེ་གཉིས་ཀྱང་དེ་གར་བཞུགས་སྐད། རི་ལྡེབས་དེརཁམ་སྡོང་ཧ་ཅང་མང་ལ་འབྲས་བུ་རོ་མངར་བ་ཞིག་ཡིན་སྟབས་དེ་གའི་བླ་བྲང་ནས་ཏཱ་ལའི་བླ་མར་ལོ་ལྟར་ཁམ་བུ་འབུལ་སྲོལ་ཡོད་འདུག རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་བླ་བྲང་གི་ལས་བྱེད་ཕུད་གྲྭ་གྲངས༢༠ཡོད། དགོན་བདག་རི་སྐྱ་བླ་བྲང་ཡིན།
- language:
- Tibetan
2. Thupten Phuntsok Dictionary
དུས་རབས་བཅོ་བརྒྱད་པའི་ནང་རི་སྐྱ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་མངའ་རིས་བློ་བཟང་རྣམ་རྒྱལ་གྱིས་བཏབ། སྔོན་མ་དེ་གར་དགོན་ཤུལ་ཞིག་ཡོད་པ་དང་དེར་རི་སྐྱ་བསམ་གཏན་གླིང་རི་ཁྲོད་དགེ་འདུན་སྡེ་དང་བཅས་པ་ཆགས། དེ་རྗེས་རིམ་བཞིན་རྒྱ་སྐྱེད་ཀྱིས་འདུ་ཁང་དང་། བླ་བྲང་། གྲྭ་ཤག་སོགས་གཞི་ཁྱོན་ཆེ་ཙམ་ཡོད། སེར་བྱེས་རི་སྐྱ་སྤྲུལ་སྐུ་སྐུ་ཕྲེང་རིམ་ནས་ཞལ་བདག་གནང་། ཏཱ་ལའི་བླ་མ་འོས་སྤྲུལ་རེ་གཉིས་ཀྱང་དེ་གར་བཞུགས་སྐད། རི་ལྡེབས་དེར་ཁམ་སྡོད་ཧ་ཅང་མང་ལ་འབྲས་བུ་རོ་མངར་བ་ཞིག་ཡིན་སྟབས་དེ་གའི་བླ་བྲང་ནས་ཏཱ་ལའི་བླ་མར་ལོ་ལྟར་ཁམ་བུ་འབུལ་སྲོལ་ཡོད་འདུག རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་བླ་བྲང་གི་ལས་བྱེད་ཕུད་གྲྭ་གྲངས༢༠ཡོད། དགོན་བདག་རི་སྐྱ་བླ་བྲང་ཡིན།
- language:
- Tibetan