- ri khrod dgon
- ID:
- T243997
- རི་ཁྲོད་དགོན (Tibetan, Tibetan script, Original)
- > ri khrod dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > ritrö gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1) ཨ་ཧོ་ལྕང་ར་དཔོན་སློབ་ཚང་གིས་བཏབ། དུས་ནམ་ཡིན་མི་གསལ། ཕྱིས་སུ་གྲུབ་མཐའ་ས་སྐྱ་པར་འགྱུར། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁོངས་སུ་ཡོད། (2) མིང་གཞན་དཔལ་སྤུང་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཟེར། རབ་བྱུང་བཅུ་བཞི་པའི་ཆུ་སྟག་སྤྱི་ལོ་༡༨༤༢ལོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བཏབ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ཤངས་པ་བཀའ་བརྒྱུད་ཀྱི་སྒྲུབ་སྡེ་གཙོ་བོ་ཞིག་ཡིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད། (3) རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ་༡༩༡༢་ལོར་སེ་རའི་དགེ་བཤེས་ལྡོམ་བུ་བ་རྣམས་ཀྱིས་བཏབ། གྲུབ་མཐའ་དགེ་ལུགས་པ་ཡིན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཉི་མ་རྫོང་ཁོངས་སུ་ཡོད། (4) རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་སྤྱི་ལོ༡༨༤༤་ལོར་མེ་སྟོན་ཉི་མ་རྒྱལ་མཚན་གྱིས་བཏབ། གྲུབ་མཐའ་བོན་པོ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ཁོངས་སུ་ཡོད།
- language:
- Tibetan