- ri chu'i ri mo
- ID:
- T244016
- རི་ཆུའི་རི་མོ (Tibetan, Tibetan script, Original)
- > ri chu'i ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > ri chü rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱ་སྲོལ་རི་མོའི་ནང་ཚན་ཞིག་ཡིན། ཝེ་ཅིན་ལྷོ་བྱང་རྒྱལ་རབས་ཀྱི་སྐབས་སུ་རིམ་བཞིན་མི་སྣའི་རི་མོའི་ནང་ནས་ལོགས་སུ་གྱེས་ནས། རང་ཚུགས་ཐུབ་པའི་རི་མོའི་ཚན་པ་ཞིག་ཆགས་ཏེ་ཐང་རྒྱལ་རབས་སྐབས་རྦད་དེ་ལེགས་གྲུབ་བྱུང་། རི་ཆུའི་རི་མོར་རང་བྱུང་ཁམས་ཀྱི་ཉིང་བཅུད་དང་། གནམ་སའི་མཛེས་ཆོས་རྣམས་ཉམས་ལེན་བྱས་ཡོད་སྟབས་དེར་གྲིབ་ནག་དང་འོད་གསལ། སྨག་རུམ། དྭངས་པ། ཐིབས་པ། ཉིན་མོ། མཚན་མོ་སོགས་འཛད་མཐའ་མེད་པའི་མྱོང་ཚོར་གྱི་བྲོ་བ་ལྡན་ཡོད། དུས་རབས་རིམ་བྱུང་ནང་རི་ཆུའི་རི་མོ་མཁས་ཅན་ཡང་མི་ཉུང་བ་ཞིག་ཐོན་ཡོད་པ་སྟེ། ལི་སི་ཞུན། ཝང་ཝེ། ཅིང་ཧའོ། །ཏུང་ཡོན། ཧྥང་ཁོན། ལི་ཁྱྀ་རན་སོགས་སྔ་རྗེས་སུ་བྱོན་ཡོད།
- language:
- Tibetan