- ri stod dgon
- ID:
- T244019
- རི་སྟོད་དགོན (Tibetan, Tibetan script, Original)
- > ri stod dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > ri tö gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྡེ་པའི་ཁོངས་ཀྱི་མི་དྲུག་ཅུས་སྡེ་རོང་སྣང་བཟང་དགོན་པ་ལ་དགྲ་བརྒྱབ་ཏེ་མེར་བསྲེགས་པའི་སྡིག་བཤགས་ཀྱི་ཆེད་དུ། རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་སྤྱི་ལོ༡༨༢༠ལོར་དགོན་པ་འདི་བཏབ་པར་བཤད། སྤྱི་ལོ་༡༩༠༦ལོར་ཀྲོབ་འེར་ཧྥུང་གིས་འབའ་ཆོས་སྡེ་དགོན་པ་མེར་བསྲེགས་རྗེས་འབའ་བརྒྱ་ཤོག་དང་། འབྲི་ནག་བརྒྱ་ཤོག་གཉིས་ཀྱིས་རི་སྟོད་དགོན་པའི་ལྷ་ཁང་རྒྱ་བསྐྱེད་ཅིང་གྲྭ་ཤག་དྲུག་ཅུ་གསར་དུ་བཞེངས། སྤྱི་ལོ་༡༩༢༣ལོར་འབའ་ཆོས་སྡེ་དགོན་པ་བསྐྱར་གསོ་མ་བྱུང་བར་འབའ་སྡེ་ཤོག་རྣམས་ཀྱི་སྒྲུབ་མཆོད་ཡོངས་རྫོགས་དགོན་འདིར་འཚོགས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་གི་ཁོངས་སུ་ཡོད།
- language:
- Tibetan