Skip to main content Skip to search
ri mo'i dbye tshan bcu gsum
ID:
T244089
  • རི་མོའི་དབྱེ་ཚན་བཅུ་གསུམ (Tibetan, Tibetan script, Original)
    • > ri mo'i dbye tshan bcu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rimö yé tsen chusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོའི་དབྱེ་ཐབས་ཤིག་ཡིན། འོན་ཀྱང་བཤད་སྲོལ་གཅིག་གྱུར་རང་མེད། དེ་ཡང་མིང་རྒྱལ་རབས་ཐོག་མའི་དུས་སྐབས་སུ་ཐའོ་ཙུང་དབྱི་ཡིས་བརྩམས་པའི་རྨོ་མཚམས་འཇོག་པའི་ཟིན་ཐོ་ཞེས་པའི་ནང་བཤད་པ་ལྟར་ན། ༡ སངས་རྒྱས་དང་བྱང་སེམས་ཀྱི་སྣང་བརྙན། ༢ ལྷ་དབང་དང་གོང་མའི་སྣང་བརྙན། ༣ ཁྲོ་བོ་དང་། ལྷ་འདྲེ། ཉན་ཐོས། བླ་མ་བཅས་ཀྱི་སྣང་བརྙན། ༤རླུངས་སྤྲིན་དང་། འབྲུག་སྟག་གི་གཟུགས་བརྙན། ༥ འཇིག་རྟེན་ཐོག་གི་མིའི་སྣང་བརྙན། ༦ ཡུལ་ལྗོངས་དང་ནགས་ཚལ་གྱི་ལྗོངས་རིས། ༧ མེ་ཏོག་སྣ་ཚོགས་དང་རྨྱུག་མ་བྱ་རིགས་ཀྱི་གཟུགས་བརྙན། ༨ གཅན་གཟན་སྣ་ཚོགས་ཀྱི་གཟུགས་བརྙན། ༩ མི་ཡུལ་དུ་སྤྱོད་པའི་འདོད་ཡོན་གྱི་རི་མོ། ༡༠ གཞལ་ཡས་ཁང་དང་། ཁང་ཁྱིམ་ལྕགས་རི་སོགས་ཀྱི་རི་མོ། ༡༡ ཁྱིམ་གསོས་དུད་འགྲོ་སྣ་ཚོགས་ཀྱི་གཟུགས་བརྙན། ༡༢ རྨོ་ལས་དང་འཐག་ལས་བྱེད་པའི་རྣམ་པའི་གཟུགས་བརྙན། ༡༣ རྒྱན་རིས་སྣ་ཚོགས་བཅས་སོ། །

language:
Tibetan