- rig pa 'dzin pa pad+ma dgyes pa'i rdo rje
- ID:
- T244129
- རིག་པ་འཛིན་པ་པདྨ་དགྱེས་པའི་རྡོ་རྗེ (Tibetan, Tibetan script, Original)
- > rig pa 'dzin pa pad+ma dgyes pa'i rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > rigpa dzinpa pema gyepé dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སླེ་ལུང་བཞད་པའི་རྡོ་རྗེ། བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་དུ་གྲགས་པའི་ནང་ཚན། འོལ་ཁ་སླེ་ལུང་བཞད་པའི་རྡོ་རྗེའམ་འོལ་ཁ་གསང་བདག་རྗེ་དྲུང་བློ་བཟང་འཕྲིན་ལས། རབ་བྱུང་བཅུ་གཉིས་པའི་མེ་གླང་སྤྱི་ལོ(༡༦༩༧)ལོར་འཁྲུངས་། འདས་ལོ་མི་གསལ། འོལ་ཁ་སླེ་ལུང་གི་དགོན་པར་བཞུགས་པས་སླེ་ལུང་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་རྗེ་དྲུང་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་སྤྲུལ་སྐུ་ཡིན་པས་རྗེ་དྲུང་སྤྲུལ་སྐུ། ལྷོ་བྲག་མཁན་ཆེན་གསང་བདག་ནམ་མཁའི་སྤྲུལ་སྐུ་ཡིན་པས་གསང་དབག་རྗེ་དྲུང་ཞེས་ཟེར་ཞིང་། ཁོང་གི་ཆོས་ལུགས་ནི་དགེ་ལུགས་དང་རྙིང་མ་གཉིས་ཀྱི་ཆོས་བརྒྱུད་དང་མན་ངག་ཕན་ཚུན་བསྲེས་པར་འཛད་པས་དེ་གཉིས་གང་དུའང་མི་གཏོགས་པ་ཞིག་ཡིན། གསུང་རྩོམ་པོད་བཅུ་ལྷག་ཙམ་དེ་སྔོན་འོལ་ཁ་སླེ་ལུང་དགོན་པར་དཔར་ཡོད། རྣམ་ཐར་རང་ཉིད་ཀྱིས་བརྩམས་པ་པོད་གཅིག་ཙམ་ཁོང་གི་གསུང་འབུམ་ནང་དུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སླེ་ལུང་བཞད་པའི་རྡོ་རྗེ། བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་དུ་གྲགས་པའི་ནང་ཚན། འོལ་ཁ་སླེ་ལུང་བཞད་པའི་རྡོ་རྗེའམ་འོལ་ཁ་གསང་བདག་རྗེ་དྲུང་བློ་བཟང་འཕྲིན་ལས། རབ་བྱུང་བཅུ་གཉིས་པའི་མེ་གླང་སྤྱི་ལོ (༡༦༩༧) ལོར་འཁྲུངས། འདས་ལོ་མི་གསལ། འོལ་ཁ་སླེ་ལུང་གི་དགོན་པར་བཞུགས་པས་སླེ་ལུང་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་རྗེ་དྲུང་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་སྤྲུལ་སྐུ་ཡིན་པས་རྗེ་དྲུང་སྤྲུལ་སྐུ། ལྷོ་བྲག་མཁན་ཆེན་གསང་བདག་ནམ་མཁའི་སྤྲུལ་སྐུ་ཡིན་པས་གསང་བདག་རྗེ་དྲུང་ཞེས་ཟེར་ཞིང་། ཁོང་གི་ཆོས་ལུགས་ནི་དགེ་ལུགས་དང་རྙིང་མ་གཉིས་ཀྱི་ཆོས་བརྒྱུད་དང་མན་ངག་ཕན་ཚུན་བསྲེས་པར་མཛད་པས་དེ་གཉིས་གང་དུའང་མི་གཏོགས་པ་ཞིག་ཡིན། གསུང་རྩོམ་པོད་བཅུ་ལྷག་ཙམ་དེ་སྔོན་འོལ་ཁ་སླེ་ལུང་དགོན་པར་དཔར་ཡོད། རྣམ་ཐར་རང་ཉིད་ཀྱིས་བརྩམས་པ་པོད་གཅིག་ཙམ་ཁོང་གི་གསུང་འབུལ་ནང་དུ་ཡོད།
- language:
- Tibetan