- rin po che grags pa ye shes
- ID:
- T244234
- རིན་པོ་ཆེ་གྲགས་པ་ཡེ་ཤེས (Tibetan, Tibetan script, Original)
- > rin po che grags pa ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > rinpoche drakpa yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་ཡབ་དཔོན་མགོན་པོ་རྒྱལ་གྱི་སྲས་སུ་འཁྲུངས། གཞོན་ནུ་ལ་རྗེ་སྤྱན་སྔ་དང་མཇལ། ཟླར་དགོན་དུ་ཡི་གེ་འབྲི་ཀློག་བསླབས། དེ་རྗེས་རྒྱལ་བའི་བཀས་ཕག་མོ་གྲུར་བྱོན་ནས་རབ་ཏུ་བྱུང་། ཆོས་ཁྲིད་རྣམས་རྫོགས་པར་གསན། དེ་ནས་ས་སྐྱར་འགྲོ་མགོན་འཕགས་པའི་དྲུང་དུ་ཕེབས། ཞོགས་པ་རེ་ལ་མདོ་སྡུད་པ་ཚར་རེ་ཙམ་མཁྱེན་པ་བྱུང་ནས་ཤེས་རབ་ཆེ་བར་གྲགས། སླར་བཅུ་གཉིས་པ་ལ་ཟབ་ཆོས་གསན་ནས་སྒྲུབ་པ་མཛད། ཞེ་གཉིས་པ་ལྕགས་སྦྲུལ(༡༢༨༡)ལོར་དཔལ་ཕག་མོ་གྲུ་པའི་གདན་སར་ཕེབས་ནས་ལོ་བརྒྱད་བཞུགས། དགུང་ལོ་ཞེ་དགུ་པ་རབ་བྱུང་ལྔ་པའི་ས་བྱི(༡༢༨༨)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་བཞི་པའི་ལྕགས་བྱི (༡༢༤༠) ལོར་ཡབ་དཔོན་མགོན་པོ་རྒྱལ་གྱི་སྲས་སུ་འཁྲུངས། གཞོན་ནུ་ལ་རྗེ་སྤྱན་སྔ་དང་མཇལ། ཟླར་དགོན་དུ་ཡི་གེ་འབྲི་ཀློག་བསླབས། དེ་རྗེས་རྒྱལ་བའི་བཀས་ཕག་མོ་གྲུར་བྱོན་ནས་རབ་ཏུ་བྱུང་། ཆོས་ཁྲིད་རྣམས་རྫོགས་པར་གསན། དེ་ནས་ས་སྐྱར་འགྲོ་མགོན་འཕགས་པའི་དྲུང་དུ་ཕེབས། ཞོགས་པ་རེ་ལ་མདོ་སྡུད་པ་ཚར་རེ་ཙམ་མཁྱེན་པ་བྱུང་ནས་ཤེས་རབ་ཆེ་བར་གྲགས། སླར་བཅུ་གཉིས་པ་ལ་ཟབ་ཆོས་གསན་ནས་སྒྲུབ་པ་མཛད། ཞེ་གཉིས་པ་ལྕགས་སྦྲུལ (༡༢༨༡) ལོར་དཔལ་ཕག་མོ་གྲུ་པའི་གདན་སར་ཕེབས་ནས་ལོ་བརྒྱད་བཞུགས། དགུང་ལོ་ཞེ་དགུ་པ་རབ་བྱུང་ལྔ་པའི་ས་བྱི (༡༢༨༨) ལོར་སྐུ་གཤེགས།
- language:
- Tibetan