- rims nyin gsum pa
- ID:
- T244329
- རིམས་ཉིན་གསུམ་པ (Tibetan, Tibetan script, Original)
- > rims nyin gsum pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > rim nyin sumpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རིམས་ནད་ཚིལ་ལ་བབས་པའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། ཚིལ་ལ་བབས་པ་ན་རིམས་ཉིན་གསུམ་པ་ཡིན་ཏེ། ཁྱད་པར་དུ་གཉིད་ཆེ་ལ་ལུས་པོ་ཤིན་ཏུ་ལྕི་ཞིང་རླུང་མཁྲིས་ཤས་ཆེ་ན་དང་པོ་མགོ་ལ་འབབ་པ་དང་། བད་མཁྲིས་གཉིས་ཤས་ཆེ་ན་སྐེ་དང་ཕྲག་པར་བབས་པ་དང་། རླུང་དང་བད་ཀན་ཤས་ཆེ་ན་རྐེད་པར་འབབ་ཅིང་ཉིན་རེ་བདེ་བ་ལ་ཉིན་གཉིས་རེ་བསྟུད་ནས་ན་བའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan