- rus sna'i mar khu
- ID:
- T244391
- རུས་སྣའི་མར་ཁུ (Tibetan, Tibetan script, Original)
- > rus sna'i mar khu (Tibetan, Latin script, Transliteration-THL Extended Wylie Transliteration)
- > rü né markhu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མི་རྟ་ཁྱིའི་རུས་པ་བཙའ་མ་མར་རྙིང་ནང་བཙོས་ཤིང་གྲང་བར་གྱུར་པ་དང་སླར་ཆུར་བཙོས་ནས་བཏོན་པའི་མར་ཁུའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་ལས། བཅུ་པ་རུས་སྣའི་མར་ཁུ་བྱ་བ་ནི། མི་རྟ་ཁྱི་རུས་བཙའ་མ་མར་རྙིང་བཙོས། ཁྲོབ་བརྡུང་གོང་བཞིན་མར་ཁུ་ཕྱུང་བ་ཡིས། བསྐུ་མཉེ་ལྤགས་ནད་ཆུ་སེར་ཞ་རེངས་འཁུམས། གཉན་དང་རྩ་དཀར་གྲངས་རྐྱེན་སྨྱོ་བརྗེད་སོགས། རླུང་གྱུར་ལ་ཕན་ཚད་རིགས་དུག་གྱུར་སྤོངས། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan