Skip to main content Skip to search
rus sbal gyi gnas skabs
ID:
T244396
  • རུས་སྦལ་གྱི་གནས་སྐབས (Tibetan, Tibetan script, Original)
    • > rus sbal gyi gnas skabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rübal gyi nekab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མངལ་དུ་ལུས་ཆགས་ནས་ཞག་བདུན་ཕྲག་བཅུ་བདུན་གྱི་དུས་སུ་མངལ་གནས་ལུས་ཅན་གྱི་ཡན་ལག་ལྔ་པོའི་གཟུགས་དབྱིབས་ཆགས་ནས་མཚོན་བྱེད་རུས་སྦལ་གྱི་གཟུགས་ལྟ་བུར་འགྱུར་བའི་སྐབས་ལ་ཟེར་ཏེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་གི་དོན་ལས། ལྟེ་བར་མ་ཡི་རྩར་འབྲེལ་བས། རླུང་ཁྲག་རྒྱས་པར་བྱེད་པ་འགྱུར། དེ་ནས་ཟླ་བ་གཉིས་པ་ནས། ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། སྲོག་ལས་རུར་སེལ་འཕྲོས་ནས་ནི། རུས་སྦལ་རྣམ་པ་ལྟ་བུར་བྱེད། ཅེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། སྐབས་འདིར་ཡན་ལག་ལྔ་པོ་ཆགས་པའི་དུས་ཡིན་པས་རུས་སྦལ་གྱི་གཟུགས་དང་འདྲ་བའི་དབང་གིས་རུས་སྦལ་གྱི་གནས་སྐབས་ཞེས་གསུངས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །

language:
Tibetan

2. Negi Tibetan-Sanskrit Dictionary

pā. kūrmāvasthā, avasthāviśeṣaḥ — གནས་སྐབས་བཅུ … དེ་རྣམས་ལས་མངལ་གྱི་ནང་དུ་ཉ་དང་རུས་སྦལ་དང་ཕག་གི་གནས་སྐབས་གསུམ་དུ་འགྱུར་རོ༎ daśāvasthā…teṣu garbhamadhye matsyakūrmavarāhāvasthāstisro bhavanti vi.pra.224ka/2.6; རུས་སྦལ་གྱི་གནས་སྐབས་ལ་གདོང་དང་རྐང་པ་དང་ལག་པའི་གནས་རྣམས་སུ་འབུར་པོ་ལྔར་འགྱུར་རོ༎ kūrmāvasthāyāṃ mukhakaracaraṇasthāneṣu pañca sphoṭakā bhavanti vi.pra.225ka/2.9.

language:
Sanskrit