Skip to main content Skip to search
reg pa rtsa
ID:
T244419
  • རེག་པ་རྩ (Tibetan, Tibetan script, Original)
    • > reg pa rtsa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rekpa tsa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནད་པའི་ལག་པའི་མཁྲིག་མའི་འཕར་རྩ་ལ་སྨན་པའི་སོར་མོས་རེག་ཅིང་རླུང་ཁྲག་གི་རྒྱུ་ཚུལ་ལ་བརྟགས་ནས་ནད་གང་ཡིན་རྟོགས་ཐུབ་པའི་ཐབས་ཀྱི་མིང་སྟེ། རྗེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ལ་མངའ་རིས་ཀྱི་སྨན་པ་མཐུ་ཆེན་རྒྱལ་པོའི་སློབ་མ་ངན་སྔགས་བདག་པོས་ཞུས་པ། རྒྱུག་རྩ་ཁོངས་སྟོང་ནང་ན་མར། ཁྲག་ངན་རླུང་གིས་རྩ་སྦུགས་བདས། དབུགས་དང་བསྡེབས་ནས་འཕར་བ་ལ། རྩ་ལ་བཏགས་པ་ཅི་ཡི་ཕྱིར། ཞེས་ཞུས་པས། རྗེ་གཡུ་ཐོག་པས་དེའི་ལན་གསུངས་པར། རྒྱུག་རྩ་ཁོངས་སྟོང་ཡངས་པའི་ནང་། དོན་སྣོད་བཅུ་གཉིས་རྩ་རྣམས་མཚོའི། རྦ་རླབས་འཕྲེང་བ་ཇི་བཞིན་དུ། མ་འདྲེས་སོ་སོར་རྒྱུ་བ་ཡོད། ངོ་བོ་རླུང་ཁྲག་བྱེད་ལས་ཡིན། ཐ་སྙད་རྩ་ལ་བརྟག་ཅེས་བྱ། རྩ་ལ་བརྟག་ཀྱང་རླུང་ལ་བརྟག་རླུང་ཁྲག་རྩ་གསུམ་ཟུང་འཇུག་ཡིན། ཞེས་གསུངས་པ་ལྟར་རོ། །

language:
Tibetan