- reg bya'i sgo
- ID:
- T244422
- རེག་བྱའི་སྒོ (Tibetan, Tibetan script, Original)
- > reg bya'i sgo (Tibetan, Latin script, Transliteration-THL Extended Wylie Transliteration)
- > rekjé go (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱིར་རེག་པར་བྱ་བའི་ཡུལ་མང་དུ་མཆིས་ཀྱང་སྐབས་འདིར་བྱ་བའི་མིང་བྱེད་པ་ལ་བཏགས་པའི་བ་སྤུའི་བུ་གའི་སྒོ་ལ་འཇུག་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་ལས། རླུང་ལྡང་བའི་ཚེ་བ་སྤུའི་བུ་ག་བྱེ་ནས་གྱེན་དུ་ལངས་པས་རེག་བྱ་རྩུབ་པར་འབྱུང་བས་ན་རེག་བྱ་ཞེས་སྤོས་པ་ཡིན་གྱི། དོན་ལ་དྲི་མའམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུ་ལ་རྒྱུ་བར་དགོངས་པ་སྟེ་བྱ་བའི་མིང་བྱེད་པ་ལ་བཏགས་པའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan