- re'u smal
- ID:
- T244441
- རེའུ་སྨལ (Tibetan, Tibetan script, Original)
- > re'u smal (Tibetan, Latin script, Transliteration-THL Extended Wylie Transliteration)
- > ré'u mal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡ་རྩེའི་གདུང་རྒྱུད། ཡབ་ཨ་ནན་སྨལ་གྱི་སྲས། འདི་ཉིད་ཀྱིས་རྒྱ་གར་གྱི་རྒྱལ་ཁམས་མང་པོའི་བདག་བྱས་ལུགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཕལ་མོ་ཆེའི་ནང་གསལ་བ་དེ་ནི་ཡབ་ཨབ་ནན་སྨལ་གྱི་སྐུ་དུས་སོག་པོའོ་ལག་ནས་སྔར་རྡོ་རྗེ་གདན་གྱི་མཆོད་རྒྱུན་དུ་གཏོགས་པའི་གྲོང་སྡེ་ཉོས་ཏེ་ཕུལ་བ་རྣམས་མུ་མཐུད་གཞན་ཤོར་མི་འབྱུང་བའི་རྗེས་གནོན་དང་། དེ་དག་དང་འབྲེལ་བའི་ཉེ་འདབས་ཀྱི་གྲོང་ཁྱེར་འགའ་ཞིག་ལ་དབང་བསྒྱུར་བྱས་པ་ཞིག་ཡིན། དེ་བཞིན་མངའ་རིས་སུ་དངུལ་དཀར་ཞེ་གཅིག་ལས་གྲུབ་པའི་སྨན་བླ་མཆེད་བརྒྱད་ཀྱི་སྣང་བརྙན་བཞེངས་པ་དང་། རབ་བྱུང་ལྔ་པའི་ལྕགས་ཁྱི(༡༣༡༠)ལོར་ཚལ་པ་ཁྲི་དཔོན་སྨོན་ལམ་རྡོ་རྗེར་མངགས་བཅོལ་གྱིས་མཁས་གྲུབ་གཉིས་ལྡན་གྱི་སྟོན་པ་རིན་རྡོར་དང་། མཛོད་པ་ཨུ་ཛུ་ལ་སོགས་ཆེད་མངགས་དབུས་སུ་མངགས་ཏེ་སྔར་ལྷ་ས་གཙུག་ལག་ཁང་གི་རྒྱ་ཕིབས་རྫ་གཡམ་ཡིན་པ་དེ་བརྗེས་ནས་ཟངས་ཁལ་བཅོ་བརྒྱད་ལ་དོས་རེ་བྱས་པའི་ཟངས་དོས་བརྒྱ་དང་བཞི་དང་། གསེར་སྲང་ལྔ་བརྒྱ་རྣམས་ལས་གྲུབ་པའི་གསེར་ཐོག་ཕུབ་པ་དང་། བཅུ་གཅིག་ཞལ་གྱི་དབུ་ཐོག་ཏུ་གསེར་ཐོག་ཆུང་ངུ་ཞིག་ཕུབ་པ་འདི་ནི་ལྷ་ས་གཙུག་ལག་ཁང་འདིར་གསེར་ཟངས་ཀྱི་རྒྱ་ཕིབས་བསྐྲུན་པའི་ཐོག་མ་ཡིན་ནོ། །
- language:
- Tibetan
2. Thupten Phuntsok Dictionary
ཡ་རྩེའི་གདུང་རྒྱུད། ཡབ་ཨ་ནན་སྨལ་གྱི་སྲོས། འདི་ཉིད་ཀྱིས་རྒྱལ་གར་གྱི་རྒྱལ་ཁམས་མང་པོའི་བདག་བྱས་ལུགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཕལ་མོ་ཆེའི་ནང་གསལ་བ་དེ་ནི་ཡབ་ཨ་ནན་སྨལ་གྱི་སྐུ་དུས་སོག་པོའི་ལག་ནས་སྔར་རྡོ་རྗེ་གདན་གྱི་མཆོད་རྒྱུན་དུ་གཏོགས་པའི་གྲོང་སྡེ་ཉོས་ཏེ་ཕུལ་བ་རྣམས་མུ་མཐུད་གཞན་ཤོར་མི་འབྱུང་བའི་རྗེས་གནོན་དང་། དེ་དག་དང་འབྲེལ་བའི་ཉེ་འདབས་ཀྱི་གྲོང་ཁྱེར་འགའ་ཞིག་ལ་དབང་བསྒྱུར་བྱས་པ་ཞིག་ཡིན། དེ་བཞིན་མངའ་རིས་སུ་དངུལ་དཀར་ཞེ་གཅིག་ལས་གྲུབ་པའི་སྨན་བླ་མཆེད་བརྒྱད་ཀྱི་སྣང་བརྙན་བཞེངས་པ་དང་། རབ་བྱུང་ལྔ་པའི་ལྕགས་ཁྱི (༡༣༡༠) ལོར་ཚལ་པ་ཁྲི་དཔོན་སྨོན་ལམ་རྡོ་རྗེར་མངགས་བཅོལ་གྱིས་མཁས་གྲུབ་གཉིས་ལྡན་གྱི་སྟོན་པ་རིན་རྡོར་དང་། མཛོད་པ་ཨུ་ཛུ་ལ་སོགས་ཆེད་མངགས་དབུས་སུ་མངགས་ཏེ་སྔར་ལྷ་ས་གཙུག་ལག་ཁང་གི་རྒྱ་ཕིབས་རྫ་གཡམ་ཡིན་པ་དེ་བརྗེས་ནས་ཟངས་ཁལ་བཅོ་བརྒྱད་ལ་དོས་རེ་བྱས་པའི་ཟངས་དོས་བརྒྱ་དང་བཞི་དང་། གསེར་སྲང་ལྔ་བརྒྱ་རྣམས་ལས་གྲུབ་པའི་གསེར་ཐོག་ཆུང་ངུ་ཞིག་ཕུབ་པ་འདི་ནི་ལྷ་ས་གཙུག་ལག་ཁང་འདིར་གསེར་ཟངས་ཀྱི་རྒྱ་ཕིབས་བསྐྲུན་པའི་ཐོག་མ་ཡིན་ནོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་[1621]ཡ་རྩེར་ཡབ་མངའ་བདག་ཨ་ནན་སྨལ་གྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་སོན་རྗེས་ཡ་རྩེའི་མངའ་བདག་མཛད་ཅིང་ཆབ་སྲིད་བསྐྱངས་ཏེ། ཡབ་མངའ་བདག་ཨ་ནན་སྨལ་གྱིས་སོག་པོའི་ལག་ནས་སྔར་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྒྱུན་དུ་གཏོགས་པའི་གྲོང་སྡེ་ཉོས་ཏེ་ཕུལ་བ་རྣམས་མུ་མཐུད་དུ་གཞན་ཤོར་མི་འབྱུང་རྗེས་གནོན་དང་། དེ་དག་དང་འབྲེལ་བའི་ཉེ་འདབས་ཀྱི་གྲོང་ཁྱེར་འགའ་ཞིག་ལ་དབང་བསྒྱུར་བྱས་པར་མངོན། ཁོང་གིས་སྦྱིན་བདག་མཛད་དེ་མངའ་རིས་སུ་དངུལ་དཀར་ཞེ་གཅིག་ལས་གྲུབ་པའི་སྨན་བླ་མཆེད་བརྒྱད་ཀྱི་སྣང་བསྙན་བཞེངས་པ་དང་། རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1310 ལོར་ཚལ་པ་ཁྲི་དཔོན་སྨོན་ལམ་རྡོ་རྗེར་མངགས་བཅོལ་གྱིས་མཁས་གྲུབ་གཉིས་ལྡན་གྱི་སྟོན་པ་རིན་ཆེན་རྡོ་རྗེ་དང་། མཛོད་པ་ཨ་ཛུ་ལ་སོགས་པ་ཆེད་དུ་དབུས་ལྷ་ལྡན་དུ་མངགས་ཏེ། ཟངས་ཁལ་བཅོ་བརྒྱད་ལ་དོས་རེ་བྱས་པའི་ཟངས་དོས་བརྒྱ་དང་བཞི། གསེར་སྲང་ལྔ་བརྒྱ་རྣམས་ལས་གྲུབ་པ་ར་ས་འཕྲུལ་སྣང་གི་ཇོ་བོ་ཤཱཀྱ་མུ་ནེའི་དབུ་ཐོག་ཏུ་གསེར་ཐོག་ཕུབ་པ་དང་། བཅུ་གཅིག་ཞལ་གྱི་དབུ་ཐོག་ཏུ་གསེར་ཐོག་ཆུང་ངུ་ཞིག་ཕུབ་པ་འདི་ནི་ལྷ་ས་གཙུག་ལག་ཁང་འདིར་གསེར་ཟངས་ཀྱི་རྒྱ་ཕིབས་བསྐྲུན་པའི་ཐོག་མ་ཡིན། ཁོང་ནི་ཡ་རྩེའི་རྒྱལ་རྒྱུད་ཀྱི་གདུང་རབས་བདུན་པ་ཡིན་ནོ། །
- language:
- Tibetan