Skip to main content Skip to search
rong po skal ldan blo bzang bstan pa'i rgyal mtshan
ID:
T244512
  • རོང་པོ་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
    • > rong po skal ldan blo bzang bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rongpo kalden lo zang tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཆུ་བཟང་རྭ་ལོ་ཐང་དུ་རབ་བྱུང་བཅུ་བཞི་པའི་ས་ལུག་སྤྱི་ལོ་ (༡༨༥༩) ལོར་སྐུ་འཁྲུངས། དགུང་ལོ་ལྔ་པ་ལ་ཤར་བླ་བྲང་དུ་རྗེ་གོང་མ་བློ་བཟང་འཕྲིན་ལས་རྒྱ་མཚོའི་ཆོས་ཁྲི་ལ་ཕེབས། རྗེ་བཙུན་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། ནགས་རྒྱའི་ཡོངས་འཛིན་དར་རྒྱས་རྒྱ་མཚོ་ལས་ཆོས་སྤྱོད་ཀྱི་རིགས་དང་། ཨ་རོལ་རྡོ་རྗེ་འཆང་ལས་རབ་བྱུང་དགེ་ཚུལ་འཇིགས་མཛད་རྒྱལ་པོའི་དབང་དངོས་སོགས་བཞེས་ཏེ་གསང་མཚན་ལ་མི་བསྐྱོད་རྡོ་རྗེ་ཞུ། དགུང་ལོ་བདུན་བརྒྱད་སྐབས་འཇམ་དབྱངས་དཀར་པོ་དང་དབྱངས་ཅན་མ་དཀར་མོ་གཉིས་ལ་བསྟོད་པ་མཛད་པས་སྙན་ངག་པ་རྣམས་ཀྱིས་ངོ་མཚར་དུ་འཛིན། གདན་སའི་གོས་སྐུ་ཆེན་མོ་བཞེངས། དགུང་གྲངས་ང་བདུན་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་སྤྱི་ལོ་ (༡༩༡༥) ལོར་བསམ་བཞིན་མྱ་ངན་ལས་འདས་པའི་ཚུལ་དུ་བསྟན།

language:
Tibetan