- rong po bskal ldan dge 'dun 'phrin las rab rgyas
- ID:
- T244513
- རོང་པོ་བསྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས (Tibetan, Tibetan script, Original)
- > rong po bskal ldan dge 'dun 'phrin las rab rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
- > rongpo kalden gendün trinlé rabgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ཉིད་གཉའ་གོང་བྲག་དཀར་གྱི་ལྷོ་ཞོལ་གཉན་ཐོག་འབྲོག་ཏུ་ཡབ་བསོད་ནམས་དབང་ཕྱུག་དང་ཡུམ་དཔལ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་སྤྱི་ལོ་ (༡༧༤༠) ལོར་སྐུ་བལྟམས། སྟོང་སྐོར་བསོད་ནམས་རྒྱ་མཚོ་དང་ཁྲི་རྒྱལ་མཚན་སེང་གེ་གཉིས་ཀྱིས་སྐལ་ལྡན་ངག་དབང་འཕྲིན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། གཉན་ཐོག་དགེ་སློང་བློ་བཟང་ཤེས་རབ་ཀྱི་དྲུང་དུ་སྦྱོར་ཀློག་དང་། བཀྲ་ཤིས་འཁྱིལ་དགའ་དྭགས་དབུ་མཛད་ངག་དབང་རྒྱ་མཚོའི་དྲུང་དུ་ཆོས་སྤྱོད་ཐུགས་འཛིན་སྐབས་ཤེས་རབ་ཆེ་བའི་ངོ་མཚར་ལྟས་མང་དུ་ཐོན། དགུང་གྲངས་བདུན་པ་ལ་མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་། དགུང་ལོ་ང་ལྔ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་སྤྱི་ལོ་ (༡༧༩༤) ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan