Skip to main content Skip to search
rong bo bde chen chos 'khor gling
ID:
T244520
  • རོང་བོ་བདེ་ཆེན་ཆོས་འཁོར་གླིང (Tibetan, Tibetan script, Original)
    • > rong bo bde chen chos 'khor gling (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rongwo dechen chökhor ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མཚོ་སྔོན་ཞིང་ཆེན་རྨ་ཆུའི་ལྷོ་རྒྱུད་རེབ་གོང་གསེར་མོ་ལྗོངས་སུ་གནས་ཡོད། རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་སྤྱི་ལོ་༡༣༤༢ལོར་ཕྱག་བཏབ། ཐོག་མར་ཆོས་སྡེ་དེ་ས་སྐྱའི་རིང་ལུགས་འཛིན་པ་ཡིན་ཡང་ཕྱིས་སུ་མདོ་སྨད་ཀྱི་དགེ་ལུགས་པའི་ཆོས་སྡེ་གྲགས་ཅན་ཞིག་ཏུ་གྱུར། དེར་མཚན་ཉིད་དང་རྒྱུད་པ། དུས་འཁོར་བཅས་གྲྭ་ཚང་གསུམ་ཡོད། རྟེན་དང་བརྟེན་པ་གཙོ་བོ་ལ། ད་ལྟ་མཇལ་རྒྱུ་ཡོད་པ་ཚོགས་ཆེན་འདུ་ཁང་དང་། རྒྱུད་པའི་འདུ་ཁང་། དུས་འཁོར་འདུ་ཁང་། རྟ་མགྲིན་ལྷ་ཁང་། འཇམ་དབྱངས་ལྷ་ཁང་སོགས་རྟེན་བྱིན་ཅན་མང་དུ་བཞུགས།

language:
Tibetan