- rwa sgreng thub bstan 'jam dpal ye shes bstan pa'i rgyal mtshan
- ID:
- T244544
- རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > rwa sgreng thub bstan 'jam dpal ye shes bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > radreng tubten jampal yeshe tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྭ་སྒྲེང་སྐུ་ཕྲེང་ལྔ་པ་འདི་ཉིད་རབ་བྱུང་བཅོ་ལྔ་པའི་ཆུ་བྱི(༡༩༡༢)ལོར་བོད་ཤར་ལྷོའི་ཡུལ་དྭགས་པོའི་རུ་སྨད་དུ་ཡབ་ཕུན་ཚོགས་དབང་འདུས་ཀྱི་སྲས་སུ་འཁྲུངས། སྐུ་འཁྲུངས་པའི་དུས་སུ་ལྟས་བཟང་པོ་སྣ་ཚོགས་བྱུང་བས་ཡུལ་མི་རྣམས་ཧ་ལས་ཤིང་དད་པའི་ཀློང་དུ་ཚུད། ཆུང་དུས་ཕྱུགས་འཚོ་བར་ཕེབས་པའི་ལམ་དུ་ཆུ་རྡོའི་སྟེང་ཞབས་རྗེས་དང་། བྲག་ལྡེབས་སུ་ཤིང་ཕུར་བསྟིར་བ་སོགས་སྐྱེ་བོ་མི་ཉུང་བའི་ངག་རྒྱུན་དུ་གྲགས་དེ་ལྟར་ལྟས་ཁྱད་པར་ཅན་དང་བཅས་གཞན་དང་མི་འདྲ་བའི་རྟགས་དང་མཚན་གྱིས་རྭ་སྒྲེང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་བཟུང་ཞིང་རྭ་སྒྲེང་དགོན་དུ་ཞབས་སོར་འཁོད། མཚན་ཐུབ་བསྟན་ཡེ་ཤེས(འཇམ་དཔལ)བསྟན་པའི་རྒྱལ་མཚན་ཞེས་གསོལ་ཏེ་སྔར་སྲོལ་བཞིན་སེ་ར་ཐེག་ཆེན་གླིང་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཐོག་ཆོས་སྤྱོད་ཀྱི་བྱེད་སྒོ་མ་ལུས་ཐུབས་སུ་ཆུད། བཀའ་གདམས་གསར་རྙིང་གི་ཆོས་སྒོ་དང་གཞུང་ཆེན་ཀ་པོད་ལྔ་ལ་སོགས་པར་སློབ་གཉེར་གྱིས་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་སྐུ་ངོ་མས་རྒྱུགས་བཞེས་ཐོག་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ། དགུང་ལོ་ཉེ་ཤུ་ཙམ་དུ་རྭ་སྒྲེང་གདན་སར་བཞུགས་ཏེ་བསྟན་འགྲོའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་དུ་མཛད་འཕྲིན་སྤེལ་བའི་དབུ་ཚུགས། དགུང་ལོ་ཉེར་གཉིས་ལ་ཕེབས་པ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་གློ་བུར་ཞི་བ་ཆོས་དབྱིངས་སུ་གཤེགས་པའི་ཕྱི་ལོར་རྒྱལ་ཚབ་ཀྱི་གསེར་ཁྲིར་འགོད་པའི་འོས་སུ་བབས་ཏེ་བོད་ཤིང་ཁྱི(༡༩༣༤)ལོའི་ཟླ(༡)ཚེས(༡༠)ཉིན་གངས་ལྗོངས་སྐྱོང་བའི་བྱེད་པོར་མངའ་གསོལ། སྲིད་སྐྱོང་གི་ཁྲི་ལ་བཞུགས་རྗེས་དབང་འཛིན་གྱི་སྒྲིག་གཞིར་བསྒྱུར་བཅོས་གང་འཚམ་གནང་བ་བརྒྱུད་གོང་འོག་ནང་འཁྲུག་གི་རྐྱེན་ངན་ལས་ཟློག་པར་མཛད། བོད་སྤྱིར་ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཐོན། རྒྱལ་པོ་ཉིད་ཀྱི་དམ་པའི་མཛད་སྤྱོད་ལ་སྐྱེ་འགྲོ་མཐོ་དམན་དྲག་ཞན་ཀུན་གྱིས་སྒོ་གསུམ་གུས་པ་ཞབས་ལ་འདུད། གདན་ས་ཆེན་པོ་གསུམ་གྱིས་གཙོས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་བཤད་སྒྲུབ་འཆད་ཉན་གྱི་ཆོས་རྒྱུན་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་ཡོང་བའི་བརྩོན་པ་རྩེ་གཅིག་ཏུ་མཛད་པས་བསྟན་པ་རྒྱས་ཤིང་དགེ་འདུན་གྱི་སྡེ་འཕེལ་བར་གྱུར། བསམ་ཡས་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་དག་ཀྱང་ཉམས་གསོ་སྔར་ལྷག་ཏུ་བརྩོན་པར་མཛད། རྒྱལ་མཆོག་བཅུ་གསུམ་པའི་སྐུ་གདུང་དངོས་སུ་བཞུགས་པ་གསེར་སྡོང་དགེ་ལེགས་འདོད་འཇོ་གསར་བཞེངས་གནང་།རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་གདན་ཞུས་ཀྱིས་བོད་མི་དམངས་ཀྱི་བསམ་འདུན་བསྐངས། བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་སྲོལ་ལམ་སླར་གསོ་མཛད། བོད་དངུལ་བཅུ་ལོར་དང་བཅུ་སྒོར་གསར་འདོན་གནང་། བོད་ལྕགས་འབྲུག(༡༩༤༠)ལོར་རྒྱལ་ཚབ་ཀྱི་ཐུགས་འགན་དགོངས་ཞུས་ཐོག་ལྕགས་སྦྲུལ(༡༩༤༡)ལོའི་ཟླ་དང་པོར་སྲིད་སྐྱོང་གསར་པ་སྟག་བྲག་རིན་པོ་ཆེར་ཆོས་སྲིད་ཀྱི་བྱ་བ་རྣམས་རྩིས་འབུལ་གྱིས་གདན་ས་རྭ་སྒྲེང་དུ་ཕེབས། མི་བསྲུན་སྐྱེ་བོ་འགས་བླ་སློབ་དབར་དབྱེན་སྦྱོར་དཀྲུགས་ཤིང་གིས་རྭ་སྟག་དོན་རྐྱེན་བསླངས་ཏེ་སྐྱེས་མཆོག་ཉིད་རྭ་སྒྲེང་དགོན་ནས་ལྷ་སར་གདན་དྲངས་པ་མ་ཟད། ཁྲིམས་མུན་དུ་བཅུག་པས་སྙུན་གྱིས་བཏབ་སྟེ་བོད་མེ་ཕག(༡༩༤༧)ལོའི་ཟླ་གསུམ་པར་དགོངས་པ་ཞི་བ་ཆོས་དབྱིངས་སུ་མནལ་བའི་ཚུལ་བསྟན། (འགའ་ཞིག་གིས་སྐུ་བཀྲོངས་པ་རེད་ཀྱང་ཟེར་སྲོལ་ཡོད)
- language:
- Tibetan
2. Thupten Phuntsok Dictionary
རྭ་སྒྲེང་སྐུ་ཕྲེང་ལྔ་པ་འདི་ཉིད་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ་ (༡༩༡༢) ལོར་བོད་ཤར་ལྷོའི་ཡུལ་དྭགས་པོའི་རུ་སྨད་དུ་ཡབ་ཕུན་ཚོགས་དབང་འདུས་ཀྱི་སྲས་སུ་འཁྲུངས། སྐུ་འཁྲུངས་པའི་དུས་སུ་ལྟས་བཟང་པོ་སྣ་ཚོགས་བྱུང་བས་ཡུལ་མི་རྣམས་ཧ་ལས་ཤིང་དད་པའི་ཀློང་དུ་ཚུད། ཆུང་དུས་ཕྱུགས་འཚོ་བར་ཕེབས་པའི་ལམ་དུ་ཆུ་རྡོའི་སྟེང་ཞབས་རྗེས་དང་། བྲག་ལྡེབས་སུ་ཤིང་ཕུར་བསྡིར་བ་སོགས་སྐྱེ་བོ་མི་ཉུང་བའི་ངག་རྒྱུན་དུ་གྲགས། དེ་ལྟར་ལྟས་ཁྱད་པར་ཅན་དང་བཅས་གཞན་དང་མི་འདྲ་བའི་རྟགས་དང་མཚན་གྱིས་རྭ་སྒྲེང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་བཟུང་ཞིང་རྭ་སྒྲེང་དགོན་དུ་ཞབས་སོར་འཁོད། མཚན་ཐུབ་བསྟན་ཡེ་ཤེས (འཇམ་དཔལ) བསྟན་པའི་རྒྱལ་མཚན་ཞེས་གསོལ་ཏེ་སྔར་སྲོལ་བཞིན་སེར་ཐེག་ཆེན་གླིང་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཐོག་ཆོས་སྤྱོད་ཀྱི་བྱེད་སྒོ་མ་ལུས་པ་ཐུགས་སུ་ཆུད། མི་བསྲུན་སྐྱེ་བོ་འགས་བླ་སློབ་དབར་དབྱེན་སྦྱོར་དཀྲུགས་ཤིང་གིས་སྟག་དོན་རྐྱེན་བསླངས་ཏེ་སྐྱེས་མཆོག་ཉིད་རྭ་སྒྲེ་དགོན་ནས་ལྷ་སར་གདན་དྲངས་པ་མ་ཟད། ཁྲིམས་མུན་དུ་བཅུག་པས་སྙུན་གྱིས་བཏབ་སྟེ་བོད་མེ་ཕག་སྤྱི་ལོ་ (༡༩༤༧) ལོའི་ཟླ་གསུམ་པར་དགོངས་པ་ཞི་བ་ཆོས་དབྱིངས་སུ་མནལ་བའི་ཚུལ་བསྟན།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ 1919 ལོར་དྭགས་པོ་རྒྱ་ཚ་རྫོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ 1947 ལོར་སྡེ་བ་གཞུང་གིས་བཀྲོངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་ངག་དབང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཐུགས་ཐག་བཅད་ཅིང་གདན་སའི་ཁྲི་ལ་བཀོད། དེ་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད་ཅིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ལོ་[1644]ཉེར་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1934 ལོར་བཀའ་ཤག་སྲིང་གཞུང་གི་སྲིད་སྐྱོང་རྒྱལ་ཚབ་ཏུ་བཞུགས་ནས་བོད་ཀྱི་ཆབ་སྲིད་ལོ་ངོ་བདུན་གྱི་རིང་དུ་བསྐྱངས། དེའི་རིང་དུ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གསེར་སྡོང་དགེ་ལེགས་འདོད་འཇོ་རྟེན་དང་བརྟེན་པ་གསར་བསྐྲུན་དང་། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་དང་། རབ་བྱུང་གི་སྡོམ་པ་ཕུལ་ཏེ་ཞབས་བརྟན་གསོལ་འདེབས《ཡིད་བཞིན་དབང་གི་རྒྱལ་པོ》མཛད་ཅིང་། ཡོངས་འཛིན་གྱི་ཐུགས་འགན་བཞེས་ཏེ་ཆོས་ཀྱི་མཆོད་པ་རྒྱ་ཆེན་ཕུལ། གོ་མིན་ཏང་གི་དོན་གཅོད་ལས་ཁུངས་ལྷ་སར་བཙུགས་པ་བཅས་མཛད་དོ། དགུང་ལོ་སུམ་ཅུ་ཐམ་པ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1941 ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་སྲིད་སྐྱོང་རྒྱལ་ཚབ་དགོངས་ཞུ་མཛད་དེ་རྭ་སྒྲེང་དགོན་དུ་སྐུ་མཚམས་བཞུགས། དེ་རྗེས་རྭ་སྒྲེང་ལགས་ལ་སྡེ་བ་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ཏེ་ “རྭ་སྒྲེང་དོན་རྐྱེན” ཞེས་པ་བསམ་བཞིན་དུ་བསླངས་ནས་རྭ་སྒྲེང་རིན་པོ་ཆེ་དོ་དམ་བཙོན་འཇུག་བྱས་རྟིང་དུག་སྨན་དྲངས་ནས་དགུང་ལོ་སོ་དྲུག་པར་བཀྲོངས་སོ། ཁོང་ནི་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཡིན་ནོ། །
- language:
- Tibetan