Skip to main content Skip to search
rwa tel
ID:
T244548
  • རྭ་ཏེལ (Tibetan, Tibetan script, Original)
    • > rwa tel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ra tel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལུག་ཐུག་པོ་ལྟ་བུའི་རྭ་སྤོམ་ཕྲ་ཏེལ་པའི་ཚད་ཙམ་བཅོས་པ་ཤུག་པའི་ཤིང་ལེབ་ངོས་དྲག་ཏུ་བརྡར་ནས་དུ་བ་བྱུང་དུས་ནད་དམིགས་སྟེང་དུ་གདབ་དགོས་པའི་ཏེལ་པའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། རྭ་ཏེལ་ཕྱུགས་དང་རི་དྭགས་ཐུག་པོ་ཡི། རྭ་གང་ཤུག་པ་ལ་གཙུབས་དུ་བྱུང་དུས། གོང་བཞིན་ཚུགས་གདབ་རྡོ་ལ་གཙུབས་ཀྱང་རུང་། ཆུ་སེར་གྲང་བ་མེ་ཉམས་སྐྲན་ལ་བསྔགས། ཞེས་གསུངས་པ་ལྟ་བུའོ། །

language:
Tibetan