- rwa lo sprul sku blo bzang bsam grub
- ID:
- T244561
- རྭ་ལོ་སྤྲུལ་སྐུ་བློ་བཟང་བསམ་གྲུབ (Tibetan, Tibetan script, Original)
- > rwa lo sprul sku blo bzang bsam grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > ra lo tulku lo zang sam drub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་སྨད་བྱ་ཁྱུང་དགོན་གྱི་མཁན་རབས་ཉེར་དྲུག་པ་འདི་ཉིད་གཙང་རྒྱ་མཁར་ཕུ་བྱ་བའི་ཡུལ་དུ་སྐུ་འཁྲུངས་ བཀྲས་ལྷུན་དགོན་དུ་ཆོས་ཞུགས་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དངོས་སློབ་རྭ་ལོ་ཙཱ་བའི་སྤྲུལ་སྐུར་གྲགས། རབ་བྱུང་བཅུ་གཉིས་པའི་མེ་བྱི(༡༦༩༦)ལོར་བྱ་ཁྱུང་སེང་ཁྲིར་ཕེབས། ཆོས་ཐོན་སྐབས་ཞོགས་ཀ་གུང་ཚིགས་གཉིས་ལ་བརྩི་བཞག་ཆག་མེད་དང་། དབྱར་དུས་ཞོགས་ཀ་གུང་ཚིགས་སྒྲོལ་འདོན་གསུམ་ལ་ཆག་མེད་ཕེབས། བློ་གསར་བ་རྣམས་ལ་བློ་སྐྱེད་མང་དུ་གནང་། བཀའ་གདམས་པའི་ཀུན་སྤྱོད་དང་མཐུན་པས་དང་བ་དབང་མེད་དུ་འདྲེན་པ་ཞིག་ཡིན། ཚོགས་སུ་སྨན་ཆོག་ཆེན་མོ་བཙུགས། གསེར་གདུང་སྟེང་ཤོདདབུས་འབུབ་དང་། བླ་བྲང་འདུ་ཁང་གཉིས་ཀྱི་སྟེང་ཤོད། ཆོས་ར་ཆེན་མོ་བཞི་སྐོར་བཅས་ཞིག་གསོ་དང་གསར་སྐྲུན་ཅི་རིགས་མཛད། གཞན་ཡང་བྱམས་པ་ཆུ་གཟིགས་མ་ལྷ་ཁང་དང་བཅས་པ། སྨན་བླའི་ཕོ་བྲང་། བཅུ་གཅིག་ཞལ། ཇོ་བོ་རྗེ། ཆོས་རྗེ་དོན་རིན་པ། རྗེ་རེན་པོ་ཆེ། ཡུམ་ཆེན་མོས་གཙོས་སངས་རྒྱས་སྟོང་སྐུ་སོགས་སྐུ་བརྙན་སྟོང་དང་དྲུག་བཅུ་ལྷག་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་དངུལ་བྲིས་མ། ཚོགས་ཁྲོ་གསར་པ་བཅས་ལོ་བཅུགསུམ་རིང་རྟེན་བཞེངས་གྲངས་མེད་མཛད་ཅིང་ཟབ་ཆོས་ཀྱི་ཆར་དབབ། དགུང་ལོ་དྲུག་ཅུའི་ཚོད་ཙམ་ལ་ཀ་ཅུའི་ཧན་སྟག་ལུང་གི་བླ་དཔོན་གྱིས་གདན་དྲངས་ནས་ཕྱོགས་དེར་ཕེབས། ཆོས་རྒྱུན་མང་ཙམ་གནང་། མཐར་རབ་བྱུང་བཅུ་གཉིས་པའི་ས་བྱི(༡༧༠༨)ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་རྟགས་ཡ་མཚན་དང་བཅས་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
མདོ་སྨད་བྱ་ཁྱུང་དགོན་གྱི་མཁན་རབས་ཉེར་དྲུག་པ་འདི་ཉིད་གཙང་རྒྱ་མཁར་ཕུ་བྱ་བའི་ཡུལ་དུ་སྐུ་འཁྲུངས། བཀྲས་ལྷུན་དགོན་དུ་ཆོས་ཞུགས་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དངོས་སློབ་རྭ་ལོ་ཙཱ་བའི་སྤྲུལ་སྐུར་གྲགས། རབ་བྱུང་བཅུ་གཉིས་པའི་མེ་བྱི་སྤྱི་ལོ་ (༡༦༩༦) ལོར་བྱ་ཁྱུང་སེང་ཁྲིར་ཕེབས། ཆོས་ཐོན་སྐབས་ཞོགས་ཀ་གུང་ཚིགས་གཉིས་ལ་བརྩི་བཞག་ཆག་མེད་དང་། དབྱར་དུས་ཞོགས་ཀ་གུང་ཚིགས་སྒྲོལ་འདོན་གསུམ་ལ་ཆག་མེད་དུ་ཕེབས། བློ་གསར་བ་རྣམས་ལ་བློ་སྐྱེད་མང་དུ་གནང་། མཐར་རབ་བྱུང་བཅུ་གཉིས་པའི་ས་བྱི་སྤྱི་ལོ་ (༡༧༠༧) ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་རྟགས་ཡ་མཚན་དང་བཅས་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་གཙང་རྒྱ་མཁར་ཕུ་ཡིན། རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1708 ལོར་སྐུ་གཤེགས། ཁོང་གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་དངོས་སློབ་ཡིན་ལ་[1648]རྭ་ལོ་ཙཱ་བའི་སྤྲུལ་སྐུར་ཡང་གྲགས། དེ་ནས་མདོ་སྨད་དུ་ཕེབས་ཤིང་རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1696 ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་གསེར་གདུང་སྟེང་ཤོད་དབུས་འབུབ་དང་། བླ་བྲང་འདུ་ཁང་གཉིས་ཀྱི་སྟེང་ཤོད། ཆོས་ར་ཆེན་མོ་བཞི་སྐོར་བཅས་ཞིག་གསོ་དང་གསར་བསྐྲུན་ཅི་རིགས་མཛད། གཞན་ཡང་བྱམས་པ་ཆུ་གཟིགས་མ་ལྷ་ཁང་དང་བཅས་པ། སྨན་བླའི་ཕོ་བྲང་། བཅུ་གཅིག་ཞལ། ཇོ་བོ་རྗེ། ཆོས་རྗེ་རིན་ཆེན་དོན་གྲུབ། རྗེ་རིན་པོ་ཆེ། ཡུམ་ཆེན་མོས་གཙོས་སངས་རྒྱས་སྟོང་སྐུ་སོགས་སྐུ་བརྙན་སྟོང་དང་དྲུག་ཅུ་ལྷག་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་དངུལ་བྲིས་མ། ཚོགས་ཁྲོ་གསར་བ་བཅས་སྐུ་གསུང་ཐུགས་རྟེན་བཞེངས་པ་མཛད། རབ་བྱུང་བཅུ་གཉིས་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ 1698 ལོར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱིས་བྱ་ཁྱུང་དགོན་ལ་བཅའ་ཡིག་གོས་ཆེན་སེར་པོའི་སྟེང་དུ་དབུ་མེད་སུག་རིང་ལ་རྣམ་བཅུ་དབང་ལྡན་གྱི་བཀའ་ཐམ་བརྒྱབ་པ་བྱིན་རླབས་ཅན་གནང་བར་མཛད། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ཉི་ཤུ་རྩ་དྲུག་པ་ཡིན་ནོ། །
- language:
- Tibetan