Skip to main content Skip to search
rlang lums
ID:
T244566
  • རླང་ལུམས (Tibetan, Tibetan script, Original)
    • > rlang lums (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lang lum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལུམས་རྫས་གཞུང་བཞིན་བྱས་པ་དེ་ཉིད་བསྐོལ་བའི་རླངས་པའི་ཁར་ནད་པ་བསྙལ་བ་ལ་ཟེར་ཏེ། ཀོང་རོང་སྨན་བླ་དོན་གྲུབ་ཀྱིས་མཛད་པའི་རེག་ཟིག་ནེའུ་ལེའི་རྐྱལ་པ་ལས། དེ་ཉིད་རླང་ལུམས་བྱས་ནས་དམར་ཁྲིད་ལྟར། ཡང་ན་རྒྱ་ཐབ་མེ་ལྕེ་མི་མངོན་པའི། སྟེང་དུ་ཟངས་ཆེན་ཁ་སྙོམས་བོང་བ་རྩིག དེ་སྟེང་གྲ་རྒྱང་སྟེང་དུ་གསེང་ཅན་གདན། འཇམ་སྟེང་ནད་པ་གོས་དྲོར་བཀོན་ཏེ་བསྙལ། མགོ་བསྟུམ་རྔུལ་བཏོན་ཐོན་ཚད་བལ་གྱིས་ཕྱིས། ཁམས་ལོག་བྱུང་ན་རླུང་གནོན་བཀུ་མཉེ་བྱ། དེ་ལྟར་ཕན་པའི་ཡོན་ཏན་ཐོབ་པར་བྱ། ཞེས་གསུངས་པ་ལྟར་རོ། །

language:
Tibetan