- rlung nad ce spyang mgo
- ID:
- T244584
- རླུང་ནད་ཅེ་སྤྱང་མགོ (Tibetan, Tibetan script, Original)
- > rlung nad ce spyang mgo (Tibetan, Latin script, Transliteration-THL Extended Wylie Transliteration)
- > lung né ché chang go (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་རླུང་གིས་ཁྲག་དེད་ནས་པུས་མོར་བབས་པའི་ནད་ཀྱི་མིང་སྟེ། སློབ་དཔོན་དཔའ་བོས་མཛད་པའི་སྙིང་པོ་བསྡུས་པ་ལས། རླུང་དང་ཁྲག་ལས་སྐྱེས་པའི་སྐྲངས། པུས་མོའི་སྟེང་དུ་ནད་ཚབས་ཆེ། ཅེ་སྤྱང་མགོ་ལྟར་སྦོམ་གྱུར་པས། ཅེ་སྤྱང་མགོ་འདྲ་ཡིན་ཞེས་བྱ། ཞེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཅེ་སྤྱང་མགོ་ནི། རླུང་ནད་ཉི་ཤུའི་ནང་ཚན་རླུང་ཁྲག་པུས་མོར་བབས་ཏེ་ངར་གདོང་ཆུ་རྒྱུས་ཀྱི་སྣ་ནས་བརླའི་སྦལ་ནག་བར་དུ་དབྱིབས་ཅེ་སྤྱང་གི་མགོ་བོ་ལྟར་སྨད་ཕྲ་ཞིང་སྟོད་རྒྱས་པ་སྐྲངས་པའི་ཕྱིར་མིང་ཡང་དེ་ལྟར་དུ་བཏགས་པའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan