- rlung 'phrin las khungs
- ID:
- T244589
- རླུང་འཕྲིན་ལས་ཁུངས (Tibetan, Tibetan script, Original)
- > rlung 'phrin las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
- > lung trinlé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྦྲག་ཏར་དང་རྒྱང་བསྒྲགས་གཉིས་ཀ་ལ་གོ་ཆོག་ཅིང་། སྐབས་འདིར་ནི་བོད་ཞི་བས་བཅིངས་འགྲོལ་མ་ཐོབ་གོང་བཙུགས་པའི་བོད་ཀྱི་ལོ་རྒྱུས་ཐོག་གི་སྦྲག་ཏར་ལས་ཁུངས་ཐོག་མ་དེ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག(༡༩༤༧)ལོར་བཙུགས་ཤིང་། གནས་ཡུལ་ནི་དིང་རི་དམག་སྒར(ད་ལྟའི་བོད་དམག་ཁུལ་ཁང་གནས་ཡུལ)ནང་ཡོད། ལས་ཁུངས་འདིར་ཐོག་མར་འགན་འཁུར་བྱེད་མཁན་དབྱིན་ཇི་བ་ཕོག་སབ་ཅེས་པ་ཞིག་དང་ལས་བྱ་དཔོན་རིགས་བཞི་ཡོད་པའི་ཁར་ཡན་ལག་རླུང་འཕྲིན་ཁང་མངའ་རིས་དང་། ཆབ་མདོ། ནག་ཆུ། གྲོ་མོ་བཅས་ས་ཁུལ་བཞིར་ཡོད་ལ། ཆབ་མདོར་ལས་བྱེད་དབྱིན་ཇི་ཕོ་ཐེ་དང་། དེ་མིན་ས་ཁུལ་ཁག་ལ་ཕྱི་རྒྱལ་གྱིས་གསོ་སྐྱོང་བྱས་ཏེ་རླུང་འཕྲིན་ཆ་ཚང་གཏོང་ལེན་ཤེས་པའི་བོད་རིགས་གོར་ཡིག་སློབ་ཕྲུག་དང་ཧུའི་རིགས་བཅས་མི་གྲངས་བཅོ་ལྔ་སྐོར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སྦྲག་ཏར་དང་རྒྱང་བསྒྲགས་གཉིས་ཀ་ལ་གོ་ཆོག་ཅིང་། སྐབས་འདིར་ནི་བོད་མི་ཞི་བས་བཅིངས་འགྲོལ་མ་ཐོབ་གོང་བཙུགས་པའི་བོད་ཀྱི་ལོ་རྒྱུས་ཐོག་གི་སྦྲག་ཏར་ལས་ཁུངས་ཐོག་མ་དེ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་སྤྱི་ལོ་ (༡༩༤༧) ལོར་བཙུགས་ཤིང་། གནས་ཡུལ་ནི་དིང་རི་དམག་སྒར (ད་ལྟའི་བོད་དམག་ཁུལ་ཁང་གནས་ཡུལ) ནང་ཡོད། ལས་ཁུངས་འདིར་ཐོག་མར་འགན་འཁུར་བྱེད་མཁན་དབྱིན་ཇི་བ་ཕོག་སབ་ཅེས་པ་ཞིག་དང་ལས་བྱ་དཔོན་རིགས་བཞི་ཡོད་པའི་ཁར་ཡན་ལག་རླུང་འཕྲིན་ཁང་མངའ་རིས་དང་། ཆབ་མདོ། ནག་ཆུ། གྲོ་མོ་བཅས་ས་ཁུལ་ཁག་བཞིར་ཡོད་ལ། ཆབ་མདོར་ལས་བྱེད་དབྱིན་ཇི་ཕོ་ཐེ་དང་། དེ་མིན་ས་ཁུལ་ཁག་ལ་ཕྱི་རྒྱལ་གྱིས་གསོ་སྐྱོང་བྱས་ཏེ་རླུང་འཕྲིན་ཆ་ཚང་གཏོང་ལེན་ཤེས་པའི་བོད་རིགས་གོར་ཡིག་སློབ་ཕྲུག་དང་ཧུའི་རིགས་བཅས་མི་གྲངས་བཅོ་ལྔ་སྐོར་ཡོད།
- language:
- Tibetan