Skip to main content Skip to search
la kis
ID:
T244610
  • ལ་ཀིས (Tibetan, Tibetan script, Original)
    • > la kis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > la ki (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཡི་གེ་དང་པོའི་ཐོག་ཏུ་སྒྲ་གདངས་ལྕི་བ་འཇོག་ཅིང་ཀློག་ན་བྱ་ཚིག་ཏུ་འགྱུར་ཞིང་། རི་ལ་འཛེགས་ནས་རིའི་རྩེ་བརྒལ་ཐུབ་པའི་དོན་ཡིན། དཔེར་ན། སང་ཉིན་ང་ཚོ་ལྷ་སར་འགྲོ་བའི་ལམ་བར་ལ་ཆེན་པོ་ཞིག་ཀིས་རྒྱུ་ཡོད་པ་རེད། ཅེས་བྱ་བྱེད་ཐ་དད་པ་དང་། ཁིས་ཞེསཔ་་དེའི་ཁ་གཏད་དུ་ཡོད་པའི་ཐ་མི་དད་པའི་བྱ་ཚིག་ཡིན། ངས་འབད་བརྩོན་བྱས་ཏེ་ལ་ཀིས་སར་སོང་ཡང་ལ་མཐོ་དྲགས་ཏེ་ཁིས་མ་སོང་། ཞེས་པ་ལྟ་བུའོ། །

language:
Tibetan