- la kha dgon
- ID:
- T244611
- ལ་ཁ་དགོན (Tibetan, Tibetan script, Original)
- > la kha dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > lakha gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་དགོན་ཁག་གཉིས་ཡོད་དེ། (1) ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་ཁོངས་སུ་ཡོད། བཏབ་མཁན་དང་བཏབ་ལོ་མི་གསལ།གྲུབ་མཐའ་དགེ་ལུགས་པ་ཡིན་པའི་ལ་ཁ་དགོན་ནི།(2) ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད་པའི་ལ་ཁ་དགོན་ནི། དགོན་པ་རྙིང་པའི་མིང་ལ་ལ་ཁ་འབྲུག་གྲགས་དགོན་ཞེས་ཟེར། དགོན་འདི་ཐོག་མར་འདེབས་སྐབས་འབྲུག་གྲགས་པས་འབྲུག་གྲགས་དགོན་ཞེས་ཐོགས་པ་བཤད་སྲོལ་འདུག དགོན་འདི་གཏེར་ཆེན་གསང་སྔགས་གླིང་པའི་ལུང་བསྟན་ལྟར་གྲྭ་རྒན་བདུན་གྱིས་ལས་འགན་བཞེས་ནས་བཏབ་ཅེས་པ་ཙམ་ལས་བཏབ་དུས་ནམ་ཡིན་མི་གསལ། རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ (༡༩༢༨) ལོར་ཁོད་སྤུངས་སྔ་རབས་ཉེར་བཞི་པ་གཡུང་དྲུང་བསྟན་འཛིན་གྱིས་དབྲ་ཁྱུང་དུ་དགོན་སར་བཅོས་ནས་དགོན་པ་གསར་དུ་བཏབ། བཤད་སྒྲུབ་རབ་བརྟན་གླིང་ཞེས་མཚན་གསོལ། གྲུབ་མཐའ་བོན་པོ་ཡིན།
- language:
- Tibetan