- la phug nar son
- ID:
- T244641
- ལ་ཕུག་ནར་སོན (Tibetan, Tibetan script, Original)
- > la phug nar son (Tibetan, Latin script, Transliteration-THL Extended Wylie Transliteration)
- > lapuk nar sön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཟུགས་ལ་བལྟོས་ནས་བཤད་པ་ཞིག་དང་། ནམ་དུས་ལ་བལྟོས་ནས་བཤད་པ་ཞིག་གཉིས་མཆིས་པའི་ལ་ཕུག་རྒན་པོའི་མིང་སྟེ། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་རྐང་བམ་གྱི་བཅོས་ཟབ་བཅུད་སྣ་ཚོགས་ལས། ལ་ཕུག་རྒན་གཞོན་གྱི་དབྱེ་བ་ནི། གསར་པ་ཆུང་ངུའི་དུས་གཞོན་ནུ་དང་། ཆེར་གྱུར་པའི་དུས་རྒན་པོ་བྱ་བའམ་དྲང་སྲོང་རི་ཥི་མ་འཆར་སྔོན་དུ་གཞོན་པ་དང་། ཤར་ཚར་བའི་རྗེས་སུ་རྒན་པོའམ་ནར་སོན་ཞེས་ཟེར་བའི་དབྱེ་སྲོལ་གཉིས་མཆིས་ཀྱང་ཕྱི་མ་འདི་དབང་བཙན་ནོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan