Skip to main content Skip to search
la yul me sman
ID:
T244658
  • ལ་ཡུལ་མེ་སྨན (Tibetan, Tibetan script, Original)
    • > la yul me sman (Tibetan, Latin script, Transliteration-THL Extended Wylie Transliteration)
    • > la yul mé men (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལ་སྨན་སྒ་པི་ཕོ་གསུམ་དང་། ཡུལ་སྨན་ལྕེ་ཚ་དབྱི་མོང་སྲུབ་ཀ་གསུམ་གྱི་བསྡུས་མིང་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། ལ་ཡུལ་མེ་སྨན་ཞེས་པ་ནི། ལའི་སྨན་སྒ་དང་དྲོད་སྨན་ཧྲིལ་འཇོང་གསུམ། ཡུལ་སྨན་ནི་ལྕེ་ཚ་སྲུབ་ཀ་དབྱི་མོང་གི་འབྲུ་གསུམ། ཞེས་གསུངས་པ་ལྟར་དང་། འདིར་མེ་སྨན་ཞེས་པ་ནི་སྨན་དེ་དག་ལ་ནུས་པ་མེ་དང་མཐུན་པའི་དྲོད་ཡོད་པའི་དོན་ནོ། །

language:
Tibetan