- las tshan tshe ring don grub
- ID:
- T244933
- ལས་ཚན་ཚེ་རིང་དོན་གྲུབ (Tibetan, Tibetan script, Original)
- > las tshan tshe ring don grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > lé tsen tsering döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱི་ལོ་༡༩༠༢ལོར་ལྷོ་ཁ་ཨེ་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ཐོག་ལྷ་བྲིས་དབུ་ཆེན་ཚེ་རིང་རྒྱའུ་ཞུ་བའི་མཁས་པ་གྲགས་ཅན་དེའི་དྲུང་དུ་རི་མོ་གསན་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅོ་བརྒྱད་ཐོག་ལྷ་བྲིས་བཟོ་ལྗོངས་པའི་སྐྱིད་སྡུག་ཏུ་བཞུགས་ནས་ནོར་གླིང་སོགས་སུ་གཞུང་སའི་ཞབས་ཞུར་བཅར། དགུང་ལོ་ཉེར་གཅིག་ལ་དབུ་ཆུང་གི་མཚན་གནས་བཞེས། དེ་ནས་རིང་པོར་མ་སོང་བར་རྒྱལ་དབང་བཅུ་གསུམ་པ་མཆོག་གིས་ཁོང་གི་ཕྱག་རྩལ་ལ་མཉེས་ཚོར་ཆེན་པོ་བྱུང་སྟེ་དྲུང་གཏོགས་ཀྱི་གོ་མིང་བསྩལ། ཁོང་གི་ཕྱག་བཟོའི་བརྩམ་བྱ་ནི་ནོར་གླིང་དང་ཕོ་བྲང་པོ་ཏ་ལའི་གསེར་སྡོང་དགེ་ལེགས་འདོད་འཇོའི་གཙོ་ཆེའི་ལྡེབས་རིས་ཁག་དང་། ཕོ་བྲང་ཏ་ལའི་གོས་སྐུ་གསར་བཞེངས་མཛད་སྐབས་ཀྱི་སྤྱིའི་འཆར་འགོད་དང་། ཞིབ་ཕྲའི་སྐྱ་རིས་རྣམས་ཁོང་དང་རྩེ་དྲུང་ལས་ཚན་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་ནས་མཛད་ཅིང་། རང་ཅག་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་གནས།
- language:
- Tibetan