- las tshan bsod nams rin chen
- ID:
- T244934
- ལས་ཚན་བསོད་ནམས་རིན་ཆེན (Tibetan, Tibetan script, Original)
- > las tshan bsod nams rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > lé tsen sönam rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུས་རབས་ཉི་ཤུ་པའི་དུས་འགོ་ཙམ་ལ་འཕན་པོ་ཡུལ་སྔ་ཁ་རི་ཁང་གསར་ཞེས་པའི་ལྷ་བྲིས་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཁོང་དགུང་ལོ་བཅུ་གསུམ་ཐོག་ཡབ་ཀྱི་དྲུང་ནས་སྐུ་གཟུགས་ཆ་ཚད་ཀྱི་གཞུང་ལུགས་དང་རི་མོ་གསན་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅོ་བརྒྱད་ཐོག་བཟོ་ལྗོངས་ལྷ་བྲིས་པའི་སྐྱིད་སྡུག་ཏུ་བཞུགས། ཁོང་གི་ཕྱག་སོར་ལས་ཐོན་པའི་བརྩམ་བྱ་མི་ཉུང་བ་ཞིག་ཡོད་དེ། གསེར་སྡོང་དགེ་ལེགས་འདོད་འཇོའི་ལྡེབས་རིས་ཀྱི་གྲས་དང་། ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནང་གི་གཙོ་གནད་ཀྱི་ལྡེབས་རིས་རྣམས་ཡིན་ནོ། །
- language:
- Tibetan