Skip to main content Skip to search
li chas dang rdo brkos rig pa
ID:
T244969
  • ལི་ཆས་དང་རྡོ་བརྐོས་རིག་པ (Tibetan, Tibetan script, Original)
    • > li chas dang rdo brkos rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > li ché dang do kö rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞེས་པ་ནི་རང་རྒྱལ་གྱི་གནའ་བོའི་ལི་མའི་ཡོ་ཆས་དང་། རྡོ་བརྐོས་རི་མོ་སོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། ལོ་རྒྱུས་རིག་པའི་དཔྱད་གཞིའི་ཡིག་རིགས་རྒྱ་ཆེར་འགྲོ་བའི་ཆ་རྐྱེན་འོག ལི་ཆས་རྡོ་བརྐོས་རིག་པ་ཡང་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད། ཐོག་མར་སུང་རྒྱལ་རབས་ཀྱི་ལི་ཆས་རྡོ་བརྐོས་རིག་པ་མཁས་ཅན་གྱིས་ལི་མའི་ཡོ་ཆས་ལ་ཞིབ་འཇུག་བྱས་ཡོད་པ་སྟེ། ལུའེ་ཏཱ་ལིན་གྱིས་མཛད་པའིགནའ་རྫས་རྟོག་ཞིབ་དཔེ་དེབ་》ཅེས་པ་འདི་ནི་ལི་ཆས་ལ་ཞིབ་འཇུག་བྱེད་པའི་གལ་ཆེ་གསུང་རྩོམ་ཞིག་ཡིན་པ་སྟེ། རྩོམ་སྟངས་གཟབ་ནན་ཆེ་བ། དུས་རབས་དབྱེ་བ་གསལ་བ། དེ་བཞིན་ཆེ་ཆུང་དང་གཤོང་ཚད། ཐོན་སའི་ས་ཆ། ཉར་ཚགས་བྱེད་མཁན་གྱི་དཔང་རྟགས་དང་གསལ་བཤད་བཅས་རེ་རེ་བཞིན་གསལ་པོར་བཀོད་ཡོད། ཕྱོགས་མཚུངས་དུས་རབས་རིམ་བྱུང་གི་ནང་དུ་ལི་ཆས་རྡོ་བརྐོས་རིག་པ་མཁས་ཅན་མང་པོ་ཞིག་གིས་སྔ་རྗེས་ཞིབ་འཇུག་བྱས་པའི་གསུང་རྩོམ་མང་པོ་ཞིག་སྤེལ་ཡོད། ལྷག་པར་དུ་ཆིང་རྒྱལ་རབས་སྐབས་ལི་ཆས་རྡོ་བརྐོས་རིག་པར་ཞིབ་འཇུག་བྱེད་པའི་ལས་ཀར་མཐོང་ཆེན་བྱས་སྟབས་དུས་རབས་གང་ལས་ཀྱང་ལེགས་པ་བྱུང་ཡོད།

language:
Tibetan