- li ma lha khang
- ID:
- T244972
- ལི་མ་ལྷ་ཁང (Tibetan, Tibetan script, Original)
- > li ma lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > lima lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཕོ་བྲང་པོ་ཏ་ལའི་ནང་གི་ལྷ་ཁང་ཞིག་སྐུ་རྒྱུ་ལི་མ་སྣ་ཚོགས་ལས་བཞེངས་པའི་ལྷ་སྐུ་བརྒྱད་བརྒྱ་ཙམ་བཞུགས་པའི་ལྷ་ཁང་ཡིན། ལྷ་ཁང་འདིའི་ནང་རྒྱ་གར་ཤར་ལི། ནུབ་ལི། ཁ་ཆེའི་ལི་མ། བལ་པོའི་ལི་མ། ལི་ཡུལ་ ནས་ཐོན་པའི་ལི་མ། ལོ་ལྔ་བརྒྱ་ལྷག་ཙམ་གྱི་གོང་དུ་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་སྐབས་གསར་དུ་བཞེངས་པའི་ཆོས་རྒྱལ་ལི་མ། མིང་རྒྱལ་རབས་ཀྱི་སྐབས་གསར་དུ་བཞེངས་པའི་རྒྱ་ནག་ལི་མ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ཞོལ་འདོད་དཔལ་ཁང་དུ་བཞེངས་པའི་འདོད་དཔལ་ལི་མ་སོགས་ལི་སྐུ་བརྒྱད་བརྒྱ་ཙམ་ཡོད། སྤྱིར་ལི་མ་ཞེས་པ་ལ། ལི་དཀར། ལི་སེར། ལི་དམར། ལི་སྨུག་སོགས་ཡོད་ཅིང་། རིན་པོ་ཆེ་རིགས་མི་འདྲ་བ་སྣ་ཚོགས་བསྲེས་པའི་རིགས་ལ་ལི་མ་ཟེར་ཞིང་། དེ་ལ་ཡང་མདོག་མི་འདྲ་བ་ཡོད་པའི་ཆ་ནས་ལི་དཀར་དམར་སོགས་འབྱུང་། ཡང་ས་འོག་ནས་ཐོན་པའི་རང་བྱུང་ཟངས་ལ་གཤའ་དཀར་དང་དངུལ་མང་ཙམ་དང་། གསེར་སྤུས་ལེགས་ཉུང་ཙམ་བསྲེས་ནས་གཞུ་བླུགས་བྱས་པའི་རིགས་ལ་ཛེ་ཀྵིམ་ཟེར། ལི་མ་ཛེ་ཀྵིམ་སོགས་བཟོ་ཐབས་ཀྱི་བསྟན་བཅོས་སྐོར་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ་《རིན་པོ་ཆེ་སྣ་ཚོགས་ཀྱི་བརྟག་ཐབས》ཞེས་པ་དང། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམམས་པའི་《རིག་པ་བཟོ་ཡི་གནས་ལ་འདོད་རྒུར་སྒྱུར་བ་འོད་ཀྱི་སྣང་བརྙན་》ཞེས་པའི་ནང་། རིན་པོ་ཆེ་སྣ་ཚོགས་ཀྱི་བརྟག་ཐབས་སོགས་བོད་ཀྱི་ལག་ཤེས་བཟོ་ལས་དང་། རྫས་སྤྱོར་རིག་པ་སྣ་ཚོགས་ངོ་སྤྲོད་བྱས་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཕོ་བྲང་པོ་ཏ་ལའི་ནང་གི་ལྷ་ཁང་ཞིག་སྐུ་རྒྱུ་ཤར་ལི། ནུབ་ལི། ཁ་ཆེའི་ལི་མ། བལ་པོའི་ལི་མ། ལི་ཡུལ་ནས་ཐོན་པའི་ལི་མ། ལོ་ལྔ་བརྒྱ་ལྷག་ཙམ་གྱི་གོང་དུ་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་སྐབས་གསར་དུ་བཞེངས་པའི་ཆོས་རྒྱལ་ལི་མ། མིང་རྒྱལ་རབས་ཀྱི་སྐབས་གསར་དུ་བཞེངས་པའི་རྒྱ་ནག་ལི་མ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཞོལ་འདོད་དཔལ་ཁང་དུ་བཞེངས་པའི་འདོད་དཔལ་ལི་མ་སོགས་ལི་སྐུ་བརྒྱད་བརྒྱ་ཙམ་ཡོད། སྤྱིར་ལི་མ་ཞེས་པ་ལ། ལི་དཀར། ལི་སེར། ལི་དམར། ལི་སྨུག་སོགས་ཡོད་ཅིང་། རིན་པོ་ཆེ་རིགས་མི་འདྲ་བ་སྣ་ཚོགས་བསྲེས་པའི་རིགས་ལ་ལི་མ་ཟེར་ཞིང་། དེ་ལ་ཡང་མདོག་མི་འདྲ་བ་ཡོད་པའི་ཆ་ནས་ལི་དཀར་དམར་སོགས་འབྱུང་། ཡང་ས་འོག་ནས་ཐོན་པའི་རང་བྱུང་ཟངས་ལ་གཤའ་དཀར་དང་དངུལ་མང་ཙམ་དང་། གསེར་སྤུས་ལེགས་ཉུང་ཙམ་བསྲེས་ནས་གཞུ་བླུགས་བྱས་པའི་རིགས་ལ་ཛེ་ཀྵྀམ་ཟེར། ལི་མ་ཛེ་ཀྵྀམ་སོགས་བཟོ་ཐབས་ཀྱི་བསྟན་བཅོས་སྐོར་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པརིན་པོ་ཆེ་སྣ་ཚོགས་ཀྱི་བརྟག་ཐབས》ཞེས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའིརིག་པ་བཟོ་ཡི་གནས་ལ་འདོད་རྒུར་སྒྱུར་བ་འོད་ཀྱི་སྣང་བརྙན་》ཞེས་པའི་ནང་། རིན་པོ་ཆེ་སྣ་ཚོགས་ཀྱི་བརྟག་ཐབས་སོགས་བོད་ཀྱི་ལག་ཤེས་བཟོ་ལས་དང་། རྫས་སྦྱོར་རིག་པ་སྣ་ཚོགས་ངོ་སྤྲོད་བྱས་ཡོད།
- language:
- Tibetan