- lug ru spun gsum
- ID:
- T245003
- ལུག་རུ་སྤུན་གསུམ (Tibetan, Tibetan script, Original)
- > lug ru spun gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > luk ru pün sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དབྱིབས་འདྲ་བ་ལ་བལྟོས་ནས་བཏགས་པའི་མེ་ཏོག་ལུག་རུ་དམར་སེར་སྨུག་གསུམ་གྱི་མིང་སྟེ། འཁྲུངས་དཔེ་ལས། ལུག་རུ་སྤུན་གསུམ་བྱ་བ་ནི། །དམར་སེར་སྨུག་པོ་གསུམ་ཡིན་ཏེ། །དམར་སེར་རྣམ་གཉིས་ན་ཁར་སྐྱེ། །སྨུག་པོ་རྡོ་རོབ་གསེབ་ན་སྐྱེ། །ལོ་མ་རིང་ལ་ཉ་ག་ཅན། །མེ་ཏོག་ལུག་གི་རྭ་འཁྱིལ་འདྲ། །རོ་ནི་ཁ་ལ་སླ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan