- lugs kyi bstan bcos
- ID:
- T245011
- ལུགས་ཀྱི་བསྟན་བཅོས (Tibetan, Tibetan script, Original)
- > lugs kyi bstan bcos (Tibetan, Latin script, Transliteration-THL Extended Wylie Transliteration)
- > luk kyi tenchö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་དང་། སྲིད་དབང་བཟུང་ཐབས་ཀྱི་བསླབ་བྱ་ཕྱོགས་བསྡུས་བྱས་པའི་བསྟན་བཅོས་ལ་ཟེར། དེ་ལ་བསྟན་འགྱུར་རིག་གནས་ཀྱི་སྐོར་[ངོ་]པའི་ནང་དུ་ཡོད་པའི་《ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ》དང་《སྐྱེ་བོ་གསོ་ཐིགས》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བ། 《ཚིགས་སུ་བཅད་པའི་མཇོད་》སློབ་དཔོན་ཉི་མ་སྦས་པས་མཛད་པ་ལོ་ཙཱ་བ་དཔལ་གྱི་ལྷུན་པོས་བསྒྱུར་བ། 《ཚིགས་བཅད་བརྒྱ་པ》སློབ་དཔོན་མཆོག་སྲེད་ཀྱིས་མཛད་པ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ། 《དྲི་མ་མེད་པའི་དྲིས་ལན》དང་《དོན་ཡོད་འཆར་གྱི་འདྲི་ལན》ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། 《ཙ་ན་ཀ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས》དང་། མ་སུ་ར་ཀྵས་བརྩམས་པའི《ལུགས་ཀྱི་བསྟན་བཅོས》གཉིས་ལོ་ཙཱ་བ་ཤཱཀྱ་བློས་གྲོས་ཀྱིས་བསྒྱུར་བ་བཅས་དང་། བོད་ཀྱི་ཆོས་རྒྱལ་གོང་མ་རྣམས་ཀྱིས་མཛད་པའི་《རྒྱལ་བློན་མཛངས་ཡིག》 འབྲོམ་སྟོན་པས་མཛད་པའི་《མི་ཆོས་གནད་ཀྱི་ཕྲེང་བ》 ས་སྐྱ་པཎ་ཆེན་གྱིས་མཛད་པའི《ལེགས་བཤད་རིན་པོ་ཆེའི་གཏེར》 སྡེ་དགེ་མི་ཕམ་རིན་པོ་ཆེས་མཛད་པའི་《རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་པའི་རྒྱན》སོགས་ཡོད།
- language:
- Tibetan
2. Thupten Phuntsok Dictionary
འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་དང་། སྲིད་དབང་བཟུང་ཐབས་ཀྱི་བསླབ་བྱ་ཕྱོགས་བསྡུས་བྱས་པའི་བསྟན་བཅོས་ལ་ཟེར་རོ། །
- language:
- Tibetan
3. Negi Tibetan-Sanskrit Dictionary
nītiśāstram — ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་པོ་ཞེས་བྱ་བ nītiśāstraprajñādaṇḍanāma ka.ta.4329.
- language:
- Sanskrit