- lung dkar dgon
- ID:
- T245041
- ལུང་དཀར་དགོན (Tibetan, Tibetan script, Original)
- > lung dkar dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > lung kar gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིང་གཞན་ཡེ་ཐ་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་ཟེར། རབ་བྱུང་བཅུ་བཞི་པའི་ལྕགས་རྟ་སྤྱི་ལོ་༡༨༡༠ལོར་དཔྲ་ཆུང་སྐལ་བཟང་དབང་གྲགས་དང་། དབུ་རི་བསྟན་འཛིན་དབང་རྒྱལ་གཉིས་ཀྱིས་འགན་བཞེས་ནས་བཏབ། གནས་འདིར་རབ་བྱུང་གསུམ་པའི་ནང་ཙམ་ནས་བོན་དགོན་ཞིག་ཡོད་པ་ཉམས་རྒུད་ཕྱིན། དེ་རྗེས་རབ་བྱུང་བཅུ་གཉིས་པའི་ནང་དུ་ལུང་བཟང་ཤེལ་བྲག་དགོན་པ་ཞེས་པ་བཏབ་པ་དེ་ཡང་འཐོར་ཞིག་སོང་། སླར་ཡང་རབ་བྱུང་བཅུ་གསུམ་པའི་ནང་དུ་གཡུ་ལུང་དགོན་པ་ཞེས་པ་བརྒྱུད་བསྒྲགས་པ་དེ་ཡང་ལོ་དྲུག་ཅུའི་རྗེས་སུ་གངས་ཐན་གྱིས་འཇིག། དེ་དག་བསྐྱར་གསོ་བྱས་པའི་དགོན་པ་འདི་ཡིན་པར་བཤད། གྲུབ་མཐའ་བོན་པོ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཁོངས་སུ་ཡོད།
- language:
- Tibetan